མཚོ་སྔོན་གྱིས་གནས་སྐབས་རོགས་སྐྱོབ་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ“མ་མཐའི་འགན་སྲུང”བྱས།
2025.03.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3པའི་ཚེས18ཉིན།  ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་གནས་སྐབས་རོགས་སྐྱོབ་ལས་དོན་ལག་བསྟར་བྱེད་ཐབས》པར་འགྲེམས་བྱས་ནས།  གནས་སྐབས་རོགས་སྐྱོར་བྱེད་ཡུལ་གྱི་ཁྱབ་ཁོངས་དང་རོགས་སྐྱོར་ཚད་གཞི། རོགས་སྐྱོར་གོ་རིམ་སོགས་སྔར་ལས་ཁ་གསལ་དང་ཚད་ལྡན་དུ་བཏང་ཡོད། དེའི་དམིགས་ཡུལ་ནི་སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་ཚད་དང་དཀའ་ངལ་ལས་སྐྱོབ་པའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་ཐག་གཅོད་བྱ་རྒྱུ་དེ་རེད།

《བྱེད་ཐབས》ནང་གནས་སྐབས་ཀྱི་རོགས་སྐྱོར་ཁྱབ་ཁོངས་ཁ་གསལ་བཟོས་ཡོད། མེ་སྐྱོན་དང་གློ་བུར་དུ་བྱུང་བའི་ནད་རིགས་ཚབས་ཆེན་སོགས་ཀྱི་དབང་གིས་ཁྱིམ་ཚང་གི་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་བྱུང་ནས། མྱུར་དུ་རོགས་སྐྱོར་བྱེད་ཐབས་སྤྱོད་དགོས་པའི་ཁྱིམ་ཚང་དང་ཡང་ན་མི་སྒེར་ནི་བྲེལ་མྱུར་གྱི་རོགས་སྐྱོར་བྱེད་ཡུལ་ཡིན་པ་ཁ་གསལ་བཟོ་དགོས། ནད་བྱུང་བ་དང་སློབ་གྲྭར་འགྲོ་བ།  སྡོད་ཁང་ཉོ་བ་སོགས་ཀྱི་འགྲོ་སོང་གི་དབང་གིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་ཡང་ན་མི་སྒེར་ནི་འགྲོ་སོང་རྣམ་པའི་གནས་སྐབས་རོགས་སྐྱོར་བྱ་ཡུལ་ཡིན་པ་དང་།དེའི་ནང་དམིགས་བསལ་དབུལ་ཕོངས་མི་སྣ་དང་། འཚོ་བ་སྐྱེལ་ཆོག་པའི་ཁྱིམ་ཚང་སོགས་རྒྱུན་མཐོང་གི་ཚོགས་སྤྱི་ཚུད་ཡོད། “འགྲོ་སོང་རྣམ་པའི་རོགས་སྐྱོར་བྱ་ཡུལ་གཞན་དག”གསར་དུ་ཁ་སྣོན་བྱས།   ཟླ1པོ་ནས་ཟླ3པའི་བར་ཡོང་འབབ་དམའ་བ་དང་། འཚོ་བར་དགོས་ངེས་ཀྱི་འགྲོ་སོང་གི་དབང་གིས་དཀའ་ངལ་ཐེབས་པ། ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ་གཏན་འབེབས་དང་མཐུན་པའི་ཁྱིམ་ཚང་དང་མི་སྒེར་གྱིས་ལམ་ལུགས་ཀྱི་སྤྱོད་ཆོག་རང་བཞིན་དང་སྲིད་ཇུས་ལག་བསྟར་བྱེད་པའི་རང་བཞིན་ཆེས་ཆེར་མཐོ་རུ་གཏོང་དགོས།

《བྱེད་ཐབས》ནང་གནས་སྐབས་ཀྱི་རོགས་སྐྱོར་ཚད་གཞི་གཏན་འབེབས་བྱས་ཡོད། རོགས་སྐྱོར་ཚད་གཞི་གཏན་འཁེལ་བྱེད་པའི་ཐད་བྲེལ་མྱུར་ཅན་དང་དཀའ་ངལ་ཅན།  འགྲོ་སོང་ཅན་གྱི་རོགས་སྐྱོར་བྱེད་ཡུལ་གྱི་རོགས་སྐྱོར་ཚད་གཞིའི་ཚད་བཀག་ཚང་མ་ས་གནས་དེའི་ལོ་རེའི་གྲོང་ཁྱེར་གྱི་འཚོ་བའི་འགན་སྲུང་ཚད་གཞིའི་ལྡབ་ལྔ་ལས་བརྒལ་མི་རུང་བ་གསལ་བོར་བཟོས་ཡོད་པ་རེད། བྲེལ་མྱུར་དང་དཀའ་ངལ་ཅན་གྱི་རོགས་སྐྱོར་བྱ་ཡུལ་གྱི་རོགས་སྐྱོར་ཚད་གཞི་དེ་ས་གནས་དེའི་ཟླ་རེའི་གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཚད་གཞི་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མི་གྲངས། དཀའ་ངལ་རྒྱུན་མཐུད་དུས་ཚད་བཅས་རྒྱུ་རྐྱེན་གསུམ་གཞིར་བཟུང་ནས།  རོགས་སྐྱོར་དངུལ་གྲངས་རྩིས་རྒྱག་གཏན་འཁེལ་བྱེད་པ། འགྲོ་སྒོ་ཅན་གྱི་ཁ་གཏད་རོགས་སྐྱོར་ཚད་གཞི་ནི་སྤྱི་འགྲོས་ལྟར་རྩིས་རྒྱག་པ་གཙོར་བཟུང་ནས་ཞོར་དུ་རིམ་པ་དབྱེ་ནས་རོགས་སྐྱོར་བྱས་ཏེ་རོགས་སྐྱོར་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། གནས་ཚུལ་དམིགས་བསལ་ཡིན་པས། རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ཁ་གཏད་ལ“དོན་གཅིག་གྲོས་གཅིག”བརྒྱུད་ནས།  རོགས་སྐྱོར་གྱི་གྲངས་ཚད་གཏན་འཁེལ་གསལ་པོ་བྱས་ཏེ། རོགས་སྐྱོར་གྱི་ཚད་བཀག་ས་གནས་དེའི་ལོ་རེའི་གྲོང་ཁྱེར་གྱི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ10ཟིན་ནས་རོགས་སྐྱོར་གྱི་ཕན་འབྲས་དངོས་འགན་ལེན་བྱེད་དགོས།

《བྱེད་ཐབས》ཀྱིས་གནས་སྐབས་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་སོང་ཡོད། བྲེལ་མྱུར་དང་དཀའ་ངལ་ཅན་གྱི་གནས་སྐབས་རོགས་སྐྱོར་ལ་དམིགས་ནས“སྔོན་ལ་རོགས་སྐྱོར”ལག་བསྟར་ཁ་གསལ་བྱས་ཏེ། དུས་ཚོད24ནང་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁ་གསབ་མ་དངུལ་སྤྲོད་དགོས།  “གྲངས་ཉུང་རོགས་སྐྱོར”གསར་དུ་བསྣན་ནས་ས་གནས་དེའི་ཟླ་རེའི་གྲོང་ཁྱེར་གྱི་འཚོ་བའི་འགན་ལེན་གྱི་ཚད་གཞི་མཐོ་ཤོས་སུ་བྱས་ཏེ། སྔོན་ལ་རོགས་སྐྱོར་བྱས་རྗེས་ཐོ་འགོད་བྱེད་སྟངས་སྤྱད་དེ་གོ་རིམ་སྟབས་བདེ་རུ་གཏོང་དགོས། རེ་ཞུའི་དཔྱད་གཞི་སྔར་ལས་གཅིག་བསྡུ་བྱས་ཏེ། ད་ཡོད་ཐོ་འགོད་བྱས་པའི་རོགས་སྐྱོར་འགན་སྲུང་བྱ་ཡུལ་གྱིས་གནས་སྐབས་རོགས་སྐྱོར་རེ་ཞུ་བྱས་ཚེ། ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཡང་བསྐྱར་ཞིབ་བསྡུར་བྱེད་མི་དགོས་པ་དང་། ཞིབ་བཤེར་དུས་ཚོད་ཉིན7ནས་དུས་ཚོད48བར་ཇེ་ཐུང་དུ་གཏོང་དགོས། ས་གནས་གཞན་དུ་རེ་ཞུ་བྱེད་པ་ཁྱབ་སྤེལ་བྱས་ཏེ།  ས་གནས་དེའི་ཁྱིམ་ཐོ་མིན་པའི་གྲོང་མིས་སྡོད་གནས་སུ་ཆ་འཕྲིན་རིག་ནུས་འཁོར་རྒྱུག་རེ་ཞུ་བྱས་ཏེ། གཞི་གྲངས་ཀྱི་འཁོར་སྐྱོད་ཇེ་མང་དུ་གཏོང་བ་དང་མང་ཚོགས་ཀྱི་འཁོར་སྐྱོད་ཇེ་ཉུང་དུ་གཏོང་ཐུབ་པར་བྱེད་དགོས།

གཡང་འབུམ་རྒྱལ་གྱིས་བསྒྱུར།