ཟླ3པའི་ཚེས25ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་དང་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཞིབ་འཇུག་བཀོད་སྒྲིག་གྲོས་ཚོགས་དང་དཔེ་ཀློག་འཛིན་གྲྭ་སྒྲུབ་པའི་སྐུལ་སློང་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་བྱེད་ཕྱོགས་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེའི་ལག་བསྟར་ཞིབ་སྲོལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། སྲིད་གྲོས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བར་བཀོད་སྒྲིག་དང་དཔེ་ཀློག་འཛིན་གྲྭའི་བྱ་འགུལ་ནན་ཏན་སྒོས་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ན། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་བྱེད་ཕྱོགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་ཐུབ་ཅིང་། ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་ལས་འགན་ཐད་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་བར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རང་རྟོགས་སྒོས་གཏན་ཕབ་གཉིས་ལ་སྲུང་སྐྱོང་བརྟན་པོ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ལངས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་བྱེད་པ་དང་། ཚད་གཞི་ནན་མོ་དང་བླང་བྱ་ནན་མོས་སློབ་སྦྱོང་སློབ་གསོ་སྤེལ་བར་སྐུལ་འདེད་གཏོང་བ། ལྷོད་གཡེང་མེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པ། བྱེད་ཕྱོགས་བཟང་པོས་འགན་སྒྲུབ་མཐའ་འཁྱོལ་དང་བྱེད་ནུས་འདོན་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་སེམས་ཤུགས་གཅིག་མཐུན་དང་ངོས་འཛིན་གཅིག་གྱུར། བློ་གྲོས་གཅིག་འདུས། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཆབ་སྲིད་ཀྱི་སྒྲིག་སྲོལ་དང་སྒྲིག་ཁྲིམས་ཨང་དང་པོར་འཇོག་པ་དང་དེ་སློབ་སྦྱོང་སློབ་གསོར་གཅིག་འདོམས་བྱེད་པའི་གསལ་དག་གི་གཙོ་དོན་དུ་བཟུང་སྟེ། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་སློབ་གསོ་བེད་སྤྱོད་ལེགས་པོ་གཏོང་བ་དང་། སློབ་སྦྱོང་ཞིབ་དཔྱད་དང་གནད་དོན་འཚོལ་ཞིབ། ཐུན་མོང་བཅོས་སྐྱོང་། སྒོ་འབྱེད་སློབ་གསོ་སོགས་ལས་འགན་གཙོ་བོར་གཞི་གཅིག་རྣམ་པས་སྐུལ་འདེད་བཏང་ནས། སློབ་པར་སྤུས་ཚད་ཡོད་པ་དང་འཚོལ་བར་ནུས་ཚད་ཡོད་པ། བཅོས་སྐྱོང་གྲུབ་འབྲས་ལོན་པ་བཅས་ལ་ཁག་ཐེག་བྱ་དགོས། སློབ་སྦྱོང་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། དཔེ་ཀློག་འཛིན་གྲྭ་བསྒྲུབ་རྒྱུ་དེ་སློབ་སྦྱོང་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་བརྟེན་ནས་དཔེ་ཀློག་སློབ་སྦྱོང་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་སྒྲིག་སྲོལ་འདུ་ཤེས། སྒྲིག་ཁྲིམས་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཀྱི་སྦྱོང་བརྡར་ཐོབ་པར་བྱས་ནས། སྒྲིག་སྲོལ་བརྩི་སྲུང་དང་ལས་སྒྲུབ་ལས་གཏོད་ཀྱི་བསམ་པའི་གཞི་རྩ་བརྟན་པོར་འཛུགས་དགོས། དངོས་སྒྲུབ་ནན་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚད་སྡུར་དཔེ་ལྟ་བྱེད་པར་བླང་བྱ་ནན་མོ་འདོན་པ་དང་། གནད་དོན་འཚོལ་ཞིབ་བྱེད་པར་དངོས་དོན་གྱི་འགུལ་སྐྱོད་སྤེལ་བ། དག་ཐེར་དངོས་འབེབས་སྟེང་གྲུབ་འབྲས་དངོས་ལོན་པར་བྱེད་པ། སྒོ་འབྱེད་སློབ་གསོ་སྤེལ་བའི་ཁྲོད་ཞིབ་ཚགས་ཡོང་བར་བྱས་ནས། སྲིད་གྲོས་ཀྱི་བྱེད་ཕྱོགས་ནུས་པས་ཚུལ་སྒྱུར་གསར་བ་དང་མཐོར་འདེགས་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཕན་ཚུན་སྐུལ་སྒྲུབ་དང་ཕན་ཚུན་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འགན་སྒྲུབ་མཐའ་འཁྱོལ་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ནས། སྲིད་འདོན་ཇུས་འབུལ་དང་ངོས་འཛིན་གཅིག་སྡུད་བྱེད་པའི་བྱ་བར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས། མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་ནན་དཀྲི་བྱེད་པ་དང་། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ། རིགས་བགར་མཛུབ་སྟོན་དང་ཁ་གསལ་དངོས་གཉེར་གྱི་བླང་བྱ་ལག་བསྟར་བྱས་ནས་སྲིད་གྲོས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཐོག་ཏུ་བློ་མཐུན་ལྔ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ངོས་འཛིན་སྔར་ལས་མཐོར་འདེགས་དང་ཡིད་ཆེས་བརྟན་གཏོང་། དངོས་སྒྲུབ་སྔོན་བརྩོན་བྱེད་ཅེས་པ་བརྗོད་དོན་དུ་བཟུང་ནས་དཔྱད་ཞིབ་གཏམ་བཤད་སྤེལ། རིན་ཆེན་རྣམ་རྒྱལ་དང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་། ཞེ་པོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།