མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
2025.03.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་འཆར་འགོད་བྱས་ནས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་བ་དང་ཕན་འབྲས་གསར་པ་ཐོབ་པར་རོགས་འདེགས་སྔར་ལས་ལེགས་པོ་བྱས་ཡོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་དང་དེ་མིན་གསར་དུ་ཁ་གསབ་བྱས་པའི་ཨུ་ཡོན་ལ་གདན་ཞུའི་ཡི་གེ་བྱིན།

གྲོས་ཚོགས་སྟེང་། ཀྲུང་གོའི་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གི་ཐོན་ལས་དང་འཆར་འགོད་ཞིབ་འཇུག་ཁང་གི་རྨང་གཞིའི་འཛུགས་སྐྲུན་གསར་པ་དང་གཞི་གྲངས་ཅན་འཕེལ་རྒྱས་ཞིབ་འཇུག་པུའུ་ཡི་ཀྲུའུ་རིན་གཞོན་པ་ལིས་ཡན་ཐིན་དང་། རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་གཞི་གྲངས་ཆེན་མོའི་འཕེལ་རྒྱས་པུའུ་ཡི་མཐོ་རིམ་དཔལ་འབྱོར་མཁས་ཅན་ཀའོ་མིན་ཅུན། ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གི་ཐོན་ལས་དང་འཆར་འགོད་ཞིབ་འཇུག་ཁང་གི་མཐོ་རིམ་བཟོ་སྐྲུན་མཁན་ཀྲུའུ་མིན་ཀོང་གིས《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་སྙན་ཞུ》《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་མིས་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་འཆར་འགོད》བཅས་ཀྱི་སྒྲིག་ཁོངས་བྱ་བའི་གནས་ཚུལ་སོ་སོར་སྙན་ཞུ་བྱས།

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧུའུ་ཧྲི་མིན་དང་།    ཆེད་མཁས་ཚན་ཆུང་གི་ཚན་གཙོ། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་ཧྲི་ཡོན་ཁྲུན་སོགས་ཚོགས་ཞུགས་ཆེད་མཁས་པས་མཚོ་སྔོན་གྱི་མི་ཐབས་རིག་ནུས་དང་།   ལྗང་མདོག་རྩིས་ནུས།  ལྗང་མདོག་རྩིས་གློག་མཐུན་སྦྱོར་སོགས་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་པ་དང་།  དམིགས་སའི་རང་བཞིན་དང་མིག་ལྟའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་བསམ་འཆར་དང་གྲོས་འཆར་བཏོན་ནས།   མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འབྲེལ་ཡོད་ཐོན་ལས་འཆར་འགོད་བཟོ་རྒྱུར་རིན་ཐང་ལྡན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་དང་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།

གྲོས་ཚོགས་སྟེང་ད་དུང《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འབྲེལ་ཡོད་དོན་དག་ཁ་གསབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》སྒྲོག་འདོན་བྱས་པ་དང་། ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོས་གཏམ་བཤད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་མཚོ་སྔོན་ཞིང་ཆེན་གྱི་རྩིས་གློག་མཐུན་སྦྱོར་བྱ་བར་སྐུལ་སྤེལ་བྱས་ཚུལ་སྙན་ཞུ་བྱས།

ཤ་བོ་རིན་མཚོས་བསྒྱུར།