སྐབས་ཉི་ཤུ་པའི་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིང་དུ་བསྡུས།
2025.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ3ཚེས28ཉིན། སྐབས་ཉི་ཤུ་པའི་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཟླ3ཚེས28ཉིན། སྐབས་ཉི་ཤུ་པའི་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་ལས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་འོག པེ་ཅིང་གྲོང་ཁྱེར་དང་ཁོངས་མིའི་ལས་ཁུངས་སོ་སོས་ནུས་ཤུགས་མཉམ་འདོན་བྱས་ཏེ། རྒྱལ་སའི་འཆར་འགོད་ལག་བསྟར་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བྱིན་པ་དང་། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་བྱ་བར་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་བླངས་ཡོད། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་ལ། པེ་ཅིང་གི་གྲོང་ཁྱེར་སྤྱིའི་འཆར་འགོད་དང་། ལྟེ་བའི་ཁུལ་གྱི་ཚོད་འཛིན་སྒྲིག་གཞི། གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་ཚོད་འཛིན་སྒྲིག་གཞི་སོགས་ལོ་ལྔའི་དཔྱད་འཇོག་བྱ་བ་སྤེལ་ཉེར་ཡོད་པས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ།    ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་སུ་འདྲེས་པར་བྱས་ནས། རྒྱལ་སའི་འཐབ་ཇུས་ཀྱི་ངེས་གནས་བརྟན་པོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ཞབས་ཞུ་དང་བརྟན་ཐོག་ཡར་འཕེལ། བདེན་སྲུང་གསར་སྐྲུན་དང་གཅིག་འདོམས་ལྟ་སྐུལ་བཅས་ལ་མཐོང་ཆེན་བྱས་ཏེ།    འགན་འཁྲིའི་འདུ་ཤེས་དྲག་པོར་བརྟེན་ནས་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་སྲིད་དོན་བྱེད་ནུས་སྔར་ལས་ཆེ་རུ་གཏོང་བ་དང་། བར་སྟོང་བཀོད་སྒྲིག་དང་འགྲིམ་འགྲུལ་རྩ་འཛུགས། ཁོར་ཡུག་གི་རྒྱུ་སྤུས། གྲོང་ཁྱེར་གྱི་ཆ་ཚང་སྒྲིག་ཆས་བཅས་ཇེ་ལེགས་སུ་གཏོང་བ་དང་། བྱ་འགུལ་གལ་ཆེན་ལ་ཞབས་ཞུ་འགན་སྲུང་བཅས་བྱ་དགོས།  ཕྱོགས་བསྡུས་འགོག་སྲུང་ནུས་པར་ཤུགས་སྣོན་པ་དང་། བབ་བསྟུན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཕྲལ་སྒྲུབ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱལ་སའི་ཁྱད་ནུས་མིན་པའི་རིགས་བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པའི་སྒོ་ནས་སེལ་ཏེ།    སྤྱི་པའི་ཞབས་ཞུ་མཉམ་འཛུགས་མཉམ་སྤྱོད་ལ་ཤུགས་སྣོན་པ་བཅས་བྱས་ནས། པེ་ཅིང་སྐོར་བའི་ས་ཁུལ་གྱི་སྐྱེལ་འདྲེན་བརྒྱུད་ལམ་གསར་སྐྲུན་བྱེད་དགོས།

གྲོས་ཚོགས་ལས་ཀྲུང་དབྱང་དང་དམག་མི། ས་གནས་བར་མཐུན་སྦྱོར་ནུས་པ་གཅིག་བསྡུས་བྱེད་ཤུགས་ཆེ་རུ་བཏང་ནས། ལས་འགན་སོ་སོ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།     པེ་ཅིང་གྲོང་ཁྱེར་གྱིས་མུ་མཐུད་དུ“ཞབས་ཞུ་བཞི”དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་དབྱང་ལས་ཁུངས་ལ་བྱ་བའི་ཆ་རྐྱེན་བཟང་པོ་བསྐྲུན་དགོས།     ཀྲུང་དབྱང་དང་ས་གནས། དམག་མི་དང་ས་གནས་ཀྱི་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་ཀྱི་མཐུན་སྦྱོར་བཅོས་སྐྱོང་དམ་འཛིན་ཡག་པོ་བྱ་དགོས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འཆར་འགོད་དང་སྒྲུབ་སྐུལ་རྗེས་འདེད་བྱ་རྒྱུར་ཤུགས་བསྣན་ཏེ། གྲོང་ཁྱེར་ལ་བརྟག་དཔྱད་བྱེད་པའི་དཔྱད་འཇོག་མ་ལག་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཇུས་གཞི་བཟང་པོ་ཞིག་འགོད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས《རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི2024ལོའི་བྱ་བའི་སྤྱི་བསྡོམས་དང2025ལོའི་བྱ་བའི་གཙོ་གནད》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡུན་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཨུ་ཡོན་སོགས་གྲོས་ཚོགས་སུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།