ཟླ4བའི་ཚེས3ཉིན། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་བས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས། གྲོས་ཚོགས་ལས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཀྲུང་གོ་དམངས་གཙོ་མནའ་འབྲེལ་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་མ་ཟད། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་ཞིང་དཔྱད་ཞིབ་བྱས་པ་དང་། སྔོན་ཐོན་ཅན་ལ་གཟེངས་བསྟོད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་གྱིས་བྱ་བའི་སྙན་ཞུ་ཕུལ།
གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སེམས་སུ་རྒྱལ་ཁབ་ཉར་ཞིང་མཚོ་སྔོན་གྱི་དོན་དངོས་གཞིར་བཟུང་ནས། ཆབ་སྲིད་བསམ་བློའི་སྣེ་ཁྲིད་འོག་སྲིད་ཞུགས་འགན་སྒྲུབ་དང་རང་ཉིད་གསོ་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་བྱས་ཏེ། ལས་དོན་ཁག་ལ་འཕེལ་རྒྱས་གསར་བ་བླངས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་གཙོ་མནའ་འབྲེལ་རྩ་འཛུགས་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་བསམ་བློའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཏང་མང་མཉམ་ལས་ཀྱི་ཐུན་མོང་ཆབ་སྲིད་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་གཙོ་གནད་བྱ་བ་དམ་འཛིན་དང་ནུས་ཤུགས་གཅིག་བསྡུས་སྒོས་སྲིད་ཞུགས་འགན་སྒྲུབ་ཀྱི་སྤུས་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་བྱ་བའི་བཀོད་སྒྲིག་ལྟར་། ཐོན་ཁུངས་གཅིག་བསྡུས་དང་སྟོབས་ཤུགས་གཅིག་སྒྲིལ་སྒོས་སྤྱི་ཚོགས་ཞབས་ཞུ་ཡི་ལས་སྒྲུབ་བསྡེབས་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། “གསར་བ་བཞི”དང“བཟང་བ་བཞི”ཡི་བླང་བྱ་དམ་འཛིན་ནན་མོ་བྱས་ཏེ། ཧུར་བརྩོན་སྒོས་དུས་རབས་གསར་བའི་བླང་བྱ་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་ཞུགས་ས་གནས་རྩ་འཛུགས་འཛུགས་པ་དང་། ནུས་ཤུགས་ཡོད་རྒུས“ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་བཟང་བོ་དང་ལག་རོགས་པ་བཟང་བོ། ལས་གྲོགས་བཟང་བོ”བྱེད་པར་སྟོབས་ཤུགས་འབུལ་དགོས་ལ། བྱ་བ་ཁག་གི་སྔོན་བརྩོན་ཡར་སྐུལ་དང་སྤུས་འདེགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་ཆབ་སྲིད་ཀྱི་འགན་ཁུར་དྲག་པོ་ཡོད་པ། ཆབ་སྲིད་ཀྱི་སྤོ་སེམས་ལྡན་པ། སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱེད་པ། དུས་རབས་ཀྱི་འོས་འགན་ཕྲག་ཏུ་ལེན་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་ཡོད་རྒུས་དམངས་གཙོ་མནའ་འབྲེལ་གྱི་སྟོབས་ཤུགས་འབུལ་དགོས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།