ཞི་ཅིན་ཕིང་དང་པའོ་ཧེ་ཀྲུའུ་ཞི་ཚོགས་པའི་རེས་སྐོར་ཀྲུའུ་ཞི་ཚི་ཝེ་ཡཱ་ནོ་ཝའེ་ཆི་གཉིས་ཀྱིས་ཀྲུང་གོ་དང་པའོ་ཧེ་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2025.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པའོ་ཧེ་ཀྲུའུ་ཞི་ཚོགས་པའི་རེས་སྐོར་ཀྲུའུ་ཞི་ཚི་ཝེ་ཡཱ་ནོ་ཝའེ་ཆི་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པའོ་ཧེ་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་འདྲ་མཉམ་གྱི་ལྟ་ཚུལ་དང་། ཕན་ཚུན་ལ་བརྩི་བཀུར། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཛིན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བཏང་བ་དང་། ཆབ་སྲིད་ཀྱི་ཡིད་རྟོན་སྔར་བས་ཇེ་དྲག་ཏུ་ཕྱིན་ལ། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པས། ཆེ་ཆུང་མི་འདྲ་ཞིང་ལོ་རྒྱུས་རིག་གནས་མི་འདྲ་བ་དང་། སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་གཉིས་མཛའ་མཐུན་མཉམ་གནས་དང་ལག་རྡང་སྦྲེལ་ནས་འཕེལ་རྒྱས་འགྲོ་བའི་དཔེ་མཚོན་བསྐྲུན། ངས་ཀྲུང་གོ་དང་པའོ་ཧེའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མཐོང་ཆེན་ཚད་མེད་གནང་བཞིན་ཡོད་ལ། ལྕམ་ཀྲུའུ་ཞི་དང་མཉམ་དུ་འབད་པ་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བ་དེ་མགོ་རྩོམ་ས་གསར་བ་ཞིག་ཏུ་བརྩིས་ནས། སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་ཅིང་། ཀྲུང་གོ་དང་པའོ་ཧེའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།

ཚི་ཝེ་ཡཱ་ནོ་ཝེ་ཆིས་བསྟན་དོན། པའོ་ཧེ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་བྱས་པ་དང་། མཛའ་བརྩེ་དམ་པོར་གནས་པས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། པའོ་ཧེའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཟབ་སྤེལ་བྱས་ཏེ། ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་དུ་འཇུག་འདོད་ཡོད།

ལྷ་མོ་འཚོས་བསྒྱུར།