ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཚང་འཛོམས་གྲོས་ཚོགས་བསྡུས།
2025.04.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས3ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཚང་འཛོམས་གྲོས་ཚོགས་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། 2024ལོའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། 2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཨུ་ཡོན་ལས་ཁུངས་ཁ་ཤས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་ལས་བསྟན་དོན། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལམ་ལུགས་ལག་བསྟར་བྱས་པའི་ལོ་ངོ་གཅིག་གི་རིང་ལ། ཨུ་ཡོན་ལས་ཁུངས་སོ་སོས་རང་འགུལ་གྱིས་ལམ་ལུགས་དོན་ཚན་བརྒྱད་དོན་འཁྱོལ་བྱས་པ་དང་། དངོས་སྒྲུབ་ཁག་ཁུར་དང་ཧུར་ཐག་ཡར་བརྩོན་བྱས་ནས། ཨུ་ཡོན་ལས་ཁུངས་ཀྱིས་ལས་སྒྲུབ་འགན་ཁུར་བྱས་པའི་རྒྱུགས་ལེན་ཡག་པོ་ཞིག་སྤྲད་པ་དང་། རང་ཞིང་གི་མི་རིགས་བྱ་བ་འཕེལ་རྒྱས་འགྲོ་བར་ནུས་ལྡན་སྒོས་སྐུལ་འདེད་བཏང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་པའི་བྱ་བ་མཇུག་བསྡུ་བའི་ལོ་ཡིན་པས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལམ་ལུགས་ཀྱི་བྱེད་ནུས་སྔར་ལས་འདོན་སྤེལ་ལེགས་པོ་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་བྱ་བའི་རྣམ་པ་གསར་བ་མཉམ་དུ་བཏོད་དགོས། རང་རྟོགས་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་བ་དང་ལས་འགན་གཙོ་བོ་དང་ལས་སྒོ་གཙོ་བོའི་ཁུངས་སྣེ་དང་ཤུགས་འདོན་ས་ཡང་དག་སྒོས་འཚོལ་བ་དང་། ནུས་ལྡན་གྱི་བྱེད་ཐབས་དག་འཛུགས་སྐྲུན་ཆེན་མོ་དྲུག་གི་བརྒྱུད་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱེད་དགོས།

སྣ་མང་རིག་གནས་མཉམ་གནས་མཉམ་དར་གྱི་དམིགས་བསལ་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཚོར་ཐུབ་པ་དང་རེག་ཐུབ་པའི་ཐུན་མོང་གི་བསམ་པའི་ཁྱིམ་གཞི་ཞིག་འཛུགས་པར་སྐུལ་འདེད་གཏོང་དགོས། འགྲོ་འོང་བརྗེ་རེས་མཉམ་འདྲེས་དང་འགུལ་སྐྱོད་དོན་ཚན་བཅུ་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་ནན་མོ་བྱེད་པ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་འཛུགས་པ་དང་། ཏང་ཡོན་ལས་བྱེད་པའི་མི་རིགས་ལས་དོན་བཅོས་སྐྱོང་ནུས་པ་མཐོར་འདེགས་བཏང་ནས། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལྷ་མོ་འཚོས་བསྒྱུར།