སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
2025.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས། སྡོང་འཛུགས་ནགས་སྐྲུན་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད་པས།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་ནས། ལས་བྱེད་པ་དང་མང་ཚོགས་ནགས་སྐྲུན་ལྗང་བསྒྱུར་ཁྲོད་ཞུགས་པར་སྐུལ་སློང་དང་རྩ་འཛུགས་བྱེད་པ་དང་། མཛེས་སྡུག་གི་ཀྲུང་གོ་མཉམ་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ས་ཆ་སོ་སོ་ནས་ཚུར་སྣང་ཆེན་པོ་བྱུང་བ་དང་། ཚང་མས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་རིག་གནས་དར་སྤེལ་བཏང་སྟེ། མེས་རྒྱལ་གྱི་ས་གཞི་རུ་ལྗང་མདོག་རྣམ་པར་བཀྲ་བ་དང་སྐྱེས་སྟོབས་ཀྱི་དཔལ་འབར་བར་བྱེད་དགོས་པའི་ཚུལ་བསྟན།

ཟླ4པའི་ཚེས3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཧྥིན་ཐའེ་ཆུའུ་ཡུང་ཏིང་ཆུ་བོའི་འགྲམ་དུ་ཕེབས་ནས། ལས་བྱེད་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་ལ་ཞུགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བསྟུད་མར་ལོ་བཅུ་གསུམ་ལ་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་ཁྲིད་འོག རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མིག་སྔར་རང་རྒྱལ་གྱི་ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་ཉེར་ལྔ་ལས་བརྒལ་བ་དང་། གོ་ལ་ཧྲིལ་བོའི་ལྗང་བསྒྱུར་ཐད་བརྒྱ་ཆའི་ཉེར་ལྔ་ཙམ་གྱི་རྒྱ་ཁྱོན་གསར་སྣོན་བྱས། རྒྱུན་མཐུད་ངང་འབད་བརྩོན་བྱས་པ་བརྒྱུད་དེ། ཐཱ་ཁི་ལཱ་མ་ཀན་བྱེ་ཐང་གིས་ལྗང་མདོག་གི་སྐེ་དཀྲིས་བརྒྱབ་པ་དང་། ཁི་ཨེར་ཆེན་བྱེ་ས་དེ་རྩྭ་ཐང་དུ་གྱུར་ལ། གྲུབ་འབྲས་དེ་དག་ཐོབ་སླ་བ་ཞིག་གཏན་ནས་མིན་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ནགས་བསྐྲུན་ལྗང་བསྒྱུར་དང་མཛེས་སྡུག་གི་ཀྲུང་གོ་མཉམ་བསྐྲུན་བྱེད་པར་སྐུལ་མ་ཐེབས། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མེས་རྒྱལ་ལྗང་བསྒྱུར་བྱེད་ན་ངེས་པར་དུ་ལྗང་སྐྱེད་ལྗང་དར་དང་ལྗང་སྲུང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ནགས་ཚལ་ཆུ་མཛོད་དང་དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་མཛོད་བཞི་མཉམ་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁོངས་ལྗང་བསྒྱུར་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་སྟོན་དགོས་ཞེས་བསྟན།

ལྗང་མདོག་ཁ་སྣོན་བྱེད་པ་ནི་དགེ་མཚན་ཁ་སྣོན་བྱེད་པ་ཡིན་ལ། སྡོང་འཛུགས་ནི་མ་འོངས་པ་བསྐྲུན་པ་དེ་ཡིན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ། ནགས་བསྐྲུན་ལྗང་བསྒྱུར་ཁྲོད་ཞུགས་པ་དང་། ལག་གདང་སྦྲེལ་ནས་མཛེས་པའི་ཀྲུང་གོའི་མཛེས་རིས་གསར་བ་འབྲི་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།