མཚོ་སྔོན་གྱིས་གཞི་རིམ་ཏང་འཛུགས་བྱ་བའི་གཙོ་གནད་ལས་འགན་གྱི་སྐུལ་སྤེལ་ཚོགས་འདུ་བསྡུས།
2025.04.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས3ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་གཙོ་གནད་ལས་འགན་གྱི་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་དང་། གཞི་རིམ་ཏང་འཛུགས་བྱ་བའི་གཙོ་གནད་ལས་འགན་གྱི་སྐུལ་སྤེལ་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ལ། གཞི་རིམ་ཏང་འཛུགས་བྱ་བའི་ཉམས་མྱོང་སྤྱི་བསྡོམས་དང་བརྗེ་རེས་བྱས་ཤིང་། གཞི་རིམ་ཏང་འཛུགས་ཀྱི་དཀའ་གནད་ལ་ཞིབ་འཇུག་དང་དེ་སེལ་བར་མ་ཟད། ལོ་ཧྲིལ་བོའི་གཞི་རིམ་ཏང་འཛུགས་བྱ་བའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་། རིགས་དང་རིམ་པ་བགར་ནས་ཆེད་དོན་གསོ་སྦྱོང་སྤེལ་ནས།  ཏང་ཡོན་སློབ་གསོའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་ཐད་ཀྱི་འབུར་ཐོན་གནད་དོན་སེལ་ཏེ། དྲ་རྣམ་དོ་དམ་ཞབས་ཞུ་ཚད་ལྡན་དང་ལེགས་པར་བསྒྱུར་བ་དང་། དངོས་རིགས་ཁེ་ལས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཤིང་། མངོན་མེད་རྐྱེན་ངན་འགོག་སེལ་བྱེད་པར་དོ་སྣང་བྱེད་དགོས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་མཁྲེགས་གཏོར་བྱ་བ་སྤེལ་ཏེ། ཡོངས་ཁེབས་གཉིས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། བྱ་བའི་ལམ་ལུགས་ཆ་ཚང་བཙུགས་ནས་གསར་དུ་ལས་ཞུགས་བྱས་པའི་མང་ཚོགས་གཞི་རིམ་བཅོས་སྐྱོང་ཁྲོད་འདྲེས་པར་སྐུལ་འདེད་གཏོང་དགོས། ཏང་འཛུགས་ནན་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྡེ་སྡོད་ལས་བྱེད་པ་མངག་གཏོང་དོ་དམ་བྱ་བ་ཏན་ཏིག་སྒོས་སྤེལ་ནས། རྣམ་པ་གསར་བའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། སྡེ་བ་རིམ་པའི་སྐབས་བརྗེའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་སྟེ། རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་གསོག་འཇོག་བྱེད་པ་གཏིང་ཟབ་ཏུ་གཏོང་བ་དང་། ཉམ་ཞན་དང་ཐར་ཐོར་དུ་གནས་པའི་སྡེ་བ་དང་གཞིས་ཁུལ་གྱི་ཏང་རྩ་འཛུགས་དག་ཐེར་བྱས་ནས་སྡེ་བའི་ལས་བྱེད་པ་དོ་དམ་ལྟ་སྐུལ་བྱ་བར་ཤུགས་སྣོན་དགོས། ཆབ་སྲིད་ལས་ཁུངས་དང་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་གཉེར་ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཀྱི་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་ཀྱིས་སྣེ་ཁྲིད་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་ཆུང་འབྲིང་གི་ཏང་འཛུགས་བྱ་བར་སྐུལ་འདེད་གཏོང་དགོས། ཡིད་རྟོན་རུང་ཞིང་ཁག་ཁུར་ཐུབ་པ། མཐའ་འཁྱོལ་སྒྲུབ་ཐུབ་པའི་ཏང་ཡོན་དཔུང་ཁག་ཅིག་བསྐྲུན་ཏེ། ཏང་ཡོན་གྱི་ནུས་ཚད་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་ལ་དོ་དམ་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ། ཏང་ཡོན་གྱི་བྱེད་ནུས་འདོན་སྤེལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྐུལ་སློང་དང་ཐུགས་ཁུར་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་། ཏང་རྟགས་དང་ཏང་དར་བེད་སྤྱོད་བྱ་བ་ཚད་ལྡན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་བརྟན་ཐོག་ཡར་འཕེལ་གྱི་གཞི་གདངས་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་འདུ་ཤེས་དང་བསམ་ཕྱོགས། རྐྱེན་སྲོལ། བྱེད་ཐབས་བཅས་ལེགས་སྒྱུར་བྱེད་པ་དང་། གཞི་རིམ་ཏང་འཛུགས་ཀྱི་སྤུས་ཚད་དོ་དམ་ཚོད་འཛིན་བྱ་བ་ཡག་པོར་སྒྲུབ་ནས་གཙོ་གནད་ལས་འགན་ཁག་དངོས་འབེབས་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

རིག་འཛིན་སྒྲོལ་མས་བསྒྱུར།