ས་གནས་སོ་སོས་བརྗོད་དོན་ལ་དམ་དུ་དམིགས་ཤིང་ཕན་འབྲས་གཙིགས་སུ་བཟུང་ནས་སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ།
2025.04.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

བསྟུད་མར་ཉིན་འགའི་རིང་ལ། ཅང་སུའུ་དང་ཧུའུ་ནན། ཧི་ནན། ཀོས་ཀྲོའུ་སོགས་ས་ཁུལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ནས། སློབ་སྦྱོང་ལ་སྤུས་ཚད་ལྡན་ཞིང་། ཞིབ་བཤེར་ལ་ཤུགས་ཚད་ལྡན་པ། སྒྱུར་བཅོས་ལ་ཕན་འབྲས་ལྡན་པར་ཁག་ཐེག་བྱས།

ཅང་སུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་འགན་ཁུར་གཙོ་བོར་བརྩིས་ནས། ཞིང་ཆེན་ཏང་ཨུས་སྣེ་ཁྲིད་དེ་དཔེ་ཀློག་འཛིན་གྲྭ་བསྡུས་པ་དང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཟབ་མོར་སློབ་པ་དང་ཞིབ་མོར་རྟོགས་པ། བདེན་པར་འཚོལ་བ་དང་ནན་གྱིས་བསྒྱུར་བ་བཅས་ལ་སྐུལ་ཁྲིད་བྱས་ཏེ།  ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ཁྲོད་ནས་གནད་དོན་འཚོལ་བ་དང་། འཚོལ་བཤེར་ཁྲོད་ནས་བཅོས་སྒྱུར་བྱས་ནས། ནམ་ཡང་ལམ་དུ་ཡོད་པའི་རིགས་ལམ་དང་གཏན་ཚུགས་སྲུང་འཛིན་བྱེད་པར་སྐུལ་འདེད་བཏང་།

ཧི་ནན་ཞིང་ཆེན་ཏང་ཨུས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱས་ནས་དཔེ་ཀློག་འཛིན་གྲྭ་སོགས་ཀྱི་རྣམ་པ་སྤྱད་དེ་སློབ་སྦྱོང་དཔྱད་གླེང་བྱས་པ་དང་། ལས་འགན་གྱི་གསལ་ཁྲ་བཟོས་ཏེ། ལས་འགན་གཙོ་བོ་ཉེར་གཉིས་དང་དེ་སྒྲུབ་པའི་དུས་ཚོད་དང་ཞིབ་ཕྲའི་བླང་བྱ་གཏན་ཁེལ་གསལ་བོ་བྱས་པར་མ་ཟད། ཀྲུང་དབྱང་གིས་གཏན་འབེབ་བཟོས་པའི་ཕྱོགས་བསྡུས་དག་ཐེར་བྱེད་པའི་འབུར་ཐོན་གནད་དོན་ལ་ཁ་གཏད་ནས། སྣེ་ཁྲིད་སྡེ་ཁག་གཏན་ཁེལ་བྱས་ཏེ་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་ཐད་མཉམ་ཤུགས་བཏོན།

ཧི་ནན་ཞིང་ཆེན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སློབ་སྦྱོང་སློབ་གསོ་བྱ་བའི་ལས་འགན་གསལ་ཁྲ་བཟོས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཟབ་མོར་བསླབ་ནས་གོ་བ་ཞིབ་མོ་བླངས། འབུར་ཐོན་གནད་དོན་གྱི་གསལ་ཁྲ་གསལ་བཀྲོལ་བྱས་པ་དང་། ཉེན་ཟོན་སློབ་གསོའི་དཔེ་གཞི་སྒྲིག་དཔར་བྱས་ནས། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དཔྱད་གླེང་བྱེད་པ་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་པར་ཁྲིད་སྟོན་བྱས། 

ཀོས་ཀྲོའུ་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོས་ཀྲོའུ་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་གོ་བ་སྔར་ལས་ཟབ་མོ་ལེན་པར་སློབ་གསོ་སྣེ་ཁྲིད་བྱས་ལ། སྐུལ་སློང་བཀོད་སྒྲིག་དང་སློབ་སྦྱོང་དཔྱད་གླེང་། གནད་དོན་འཚོལ་བཤེར། རྩ་འཛུགས་མགོ་ཁྲིད་སོགས་ཐད་ནས་བྱེད་ཐབས་ཞིབ་མོ་ལྔ་བཅུ་བཏོན་ཏེ། སློབ་སྦྱོང་སློབ་གསོ་དེ་ཕན་པ་ཡོད་པ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་།

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།