ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཉེ་འགྲམ་དུ་འབྱུང་བཞིན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་པའི་བྱ་བའི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།
2025.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ནས། ཞིང་ཆེན་ཡོངས་ཀྱིས་མང་ཚོགས་ཉེ་འགྲམ་དུ་འབྱུང་བཞིན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་པའི་བྱ་བའི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཟི་ལིང་གྲོང་ཁྱེར་བཅས་ཀྱི་སློབ་གྲྭ་དང་གྲོང་གསེབ། སྡེ་ཁུལ། ཁེ་ལས་བཅས་ཁག་ཅིག་ཏུ་བསྐྱོད་དེ། སློབ་མའི་འཚོ་བཅུད་ཟ་མ་དང་གྲོང་གསེབ་ཐུན་མོང་གི“མ་དངུལ་གསུམ”གྱི་དོ་དམ་གནས་ཚུལ། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུ་སོགས་དམངས་ཚིས་ཁྱབ་ཁོངས་གཙོ་བོར་དངོས་བཅར་དང་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མང་ཚོགས་ཉེ་འགྲམ་དུ་འབྱུང་བཞིན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་པའི་བྱ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། རིམ་པ་སོ་སོའི་ལྟ་ཞིབ་ལས་ཁུངས་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ཆབ་སྲིད་ཀྱི་འགན་འཁུར་ཤུགས་ཆེ་རུ་གཏོང་བ་དང་། བཅོས་སྐྱོང་ལས་དོན་གྱི་གལ་ཆེན་རང་བཞིན་དང་ཉེན་ཚབས་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། འགན་འཁྲིའི་བསམ་པ་དང་ལས་འགན་འདུ་ཤེས་མངོན་སུམ་གྱིས་ཆེ་རུ་གཏོང་དགོས། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་སྙན་ཞུ་འབུལ་རྒྱུ་ནི། ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བླང་བྱ་ཞིག་ཡིན་པར་མ་ཟད། ཆབ་སྲིད་ཀྱི་ཞིབ་བཤེར་ཞིག་ཀྱང་ཡིན་པར་བརྟེན། ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཚད་མཐོན་པོ་འཛིན་དགོས་པར་ངོས་འཛིན་གང་ལེགས་བྱེད་དགོས། མང་ཚོགས་ཀྱི་བསམ་འཆར་དྲག་པོ་ཡོད་པའི་གནད་དོན་འབུར་ཐོན་ཅན་ལ་དམ་པོར་དམིགས་ནས། གནད་དོན་གྱི་ཁུངས་སྣེར་ཞིབ་བཤེར་ནན་མོ་བྱས་ཏེ། གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་ཀྱི་བྱ་སྤྱོད་དང་དྲང་བདེན་མིན་པའི་སྤྱོད་ཚུལ་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། མཐུན་སྦྱོར་བྱ་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། ལྟ་ཞིབ་ལྟ་སྐུལ་དང་དམངས་ཆེན་ལ་ལྟ་སྐུལ་བྱེད་པ། སྲིད་འཛིན་ལ་ལྟ་སྐུལ་བྱེད་པ། ཁྲིམས་འཛིན་ལ་ལྟ་སྐུལ་བྱེད་པ། མང་ཚོགས་ལ་ལྟ་སྐུལ་བྱེད་པ། གླེང་ཕྱོགས་ལ་ལྟ་སྐུལ་བྱེད་པ་སོགས་ལྟ་སྐུལ་རིགས་སོ་སོའི་བར་གྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཕྱོགས་ཡོངས་དང་རིམ་པ་མང་བའི་ལྟ་སྐུལ་མ་ལག་གྲུབ་པར་བྱེད་དགོས། ལྟ་ཞིབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་ལས་དོན་ནན་སྤེལ་བྱས་ཏེ། ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་གྱི་ཁྲིམས་འཛིན་གོ་རིམ་ཚད་ལྡན་དུ་བཏང་ནས། གྱོད་གཞི་རེ་རེས་བཅའ་ཁྲིམས་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པར་འགན་ལེན་བྱེད་དགོས།

རྩད་གཅོད་ལྟ་སྐུལ་ལ་ཤུགས་སྣོན་པ་དང་ཆེད་དོན་བཅོས་སྐྱོང་ལས་དོན་ལ་མུ་མཐུད་དོ་ཁུར་བྱས་ཏེ། ལྟ་སྐུལ་ལ“ཨ་ལན”ཡོད་པ་དང་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོན་ཐུབ་པར་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།