ཟླ4པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཞི་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་ཚོགས་འདུ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་གནས་ཚུལ་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ད་ལོའི་སྐོར་ཞིབ་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་ལ། སྐོར་ཞིབ་བྱེད་ཡུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཀོད་སྒྲིག་བྱས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ།“གཏན་ཕབ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པཔ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་མཁས་པར་བྱེད་པ་དང་འགན་འཁྲིའི་འདུ་ཤེས་དྲག་པོར་བརྟེན་ནས་སྐོར་ཞིབ་ལས་དོན་ཡག་པོར་བསྒྲུབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།
ལིས་ཞི་ཡིས་སྐོར་ཞིབ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱས་ཏེ། དེ་བསྟུན་གྱི་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་སྐོར་ཞིབ་བཅོས་སྐྱོང་སྔར་ལས་ནུས་ལྡན་བྱུང་བས། སྐོར་ཞིབ་ལས་དོན་དེ་བདེན་སྲུང་གསར་གཏོད་ཁྲོད་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྐོར་ཞིབ་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལས་འགན་གཙོ་བོར་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ནས།“སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་དམ་འཛིན་བྱས་ནས། ཆབ་སྲིད་ལྟ་སྐུལ་གྱི་ངེས་གནས་བརྟན་སྲུང་བྱས་ཏེ། ཆབ་སྲིད་སྐོར་ཞིབ་སྔར་ལས་ཏན་ཏིག་ངང་སྤེལ་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་ནན་མོའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ་དང་། ལྟ་སྐུལ་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། སྐོར་ཞིབ་བྱེད་སྟངས་ཇེ་ལེགས་སུ་གཏོང་བ། བཅོས་སྐྱོང་དང་ལྟ་སྐུལ་ཏན་ཏིག་བཅས་བྱས་ཏེ། སྐོར་ཞིབ་ལྟ་སྐུལ་གྱི་ཟིལ་ཤུགས་དང་བརྟོལ་ཤུགས། སྐུལ་འདེད་གཏོང་ཤུགས་བཅས་སྔར་ལས་ཆེ་རུ་གཏོང་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་ཕྱོགས་བསྡུས་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། གོང་འོག་མཉམ་འགུལ་ཟབ་སྤེལ་གཏོང་བ་དང་། ལྟ་སྐུལ་གཞན་དག་བར་གྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། སྐོར་ཞིབ་ལས་དོན་གྱི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཁྲིམས་ལྟར་རྒྱུན་འཁྱོངས་བྱས་ནས། གནད་ལ་འཁེལ་བའི་སྒོ་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ལམ་ལུགས་ལ་བརྟེན་ནས་ཚད་ལྡན་དུ་གཏོང་རྒྱུ་དང་སྒྲིག་ཁྲིམས་ལ་བརྟེན་ནས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྐོར་ཞིབ་ལས་དོན་ཚད་ལྡན་ངང་འཕེལ་རྒྱས་ཡོང་བར་སྔར་ལས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།