མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ཚོགས་དང་པོའི་ལས་གཞིའི་དངུལ་གཏོང་གི་བྱ་བ་ལེགས་པོར་བསྒྲུབས།
2025.04.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་གྱི་འཆར་འགོད་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་གོ་རིམ་ཡོད་པའི་ངང་སྤེལ་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ལྡན་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ། ད་ལོའི་ཞིང་ཆེན་ཡོངས་ཀྱི་ལས་གཞིའི་བྱ་བའི་མགོ་མཐོ་ས་ནས་འཛུགས་པ་དང་སྤུས་ཚད་མཐོན་པོ་ནས་མགོ་རྩོམ་པ་བཅས་ཀྱི་ཆེད་དུ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་གཞི་གལ་ཆེན་གྱི་སྔ་དུས་ཀྱི་མཁྲེགས་གཏོར་ཆེད་དོན་འགུལ་སྐྱོད་སྤེལ་ནས། ལས་གཞིའི་རྣམ་གྲངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་བསྒྲགས།

 ཟླ་གཉིས་པའི་ནང་སྔོན་ལ་བྱིན་པའི་ཞིང་ཆེན་རིམ་པའི་སྔོན་རྩིས་གྲོན་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་ལས་བརྒལ་ལ། ས་ཁུལ་དང་སྡེ་ཁག་སོ་སོས་ལས་གཞི་གཅིག་དང་མགོ་ཁྲིད་ཚན་ཁག་གཅིག གྲོན་དངུལ་སྣ་གཅིག  དམ་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་གཅིག་ཅན་བཞིའི་སྐུལ་སྤེལ་རྐྱེན་སྲོལ་ལ་ལྟ་སྐུལ་དང་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ལས་གཞིའི་སྔ་དུས་ཀྱི་གྲོན་དངུལ་འགན་སྲུང་བྱ་བ་ལེགས་པོར་བསྒྲུབས་པ་དང་། ད་ལོ་ཀྲུང་དབྱང་ལ་སྙན་ཞུ་བྱས་པའི་སྔོན་རྩིས་ནང་དངུལ་གཏོང་བྱེད་པ་དང་། དུས་ཡུན་བརྒལ་བ་དང་ཁྱད་པར་དུ་རྒྱལ་བུན་མ་དངུལ་སོགས་ལས་གཞིའི་སྔ་དུས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས། ཉིས་སྟོང་ཉེར་ལྔ་ལོར་ལག་བསྟར་བྱ་རྩིས་ཡོད་པའི་ལས་གཞིའི་དུས་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབས་པ་དང་། སྔ་དུས་ཀྱི་སྤུས་ཚད་མཐོར་འདེགས་དང་དངུལ་རྩའི་ཕན་འབྲས་མཐོར་འདེགས་ལ་གཞོགས་འདེགས་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ། མཐུན་སྦྱོར་སྣེ་ཁྲིད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཕན་འབྲས་མཐོ་བའི་སྒོ་ནས་ལས་གཞི་གལ་ཆེན་གྱི་དུས་རིམ་སྔོན་མའི་མཁྲེགས་གཏོར་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས། རང་འགུལ་སྐུལ་སྤེལ། ཞབས་ཞུ་མཐོར་འདེགས་བཅས་རྒྱུན་འཁྱོངས་བྱས་ནས། ལས་གཞིའི་དུས་རིམ་སྔོན་མའི་བྱ་བ་དང་རྒྱུ་རྐྱེན་ལ་འགན་སྲུང་ནན་མོ་དང་དངོས་གཉེར་ཞིབ་མོ་བྱས་ནས། ལས་གཞི་ལག་ལེན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་རྒྱུ་རེད།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།