ལིས་ཆང་གིས་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།
2025.04.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ4ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་དང་། མིག་སྔའི་དཔལ་འབྱོར་གནས་བབ་དང་གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བའི་སྐོར་གྱི་བསམ་འཆར་དང་གྲོས་གཞིར་གསན།

ཟླ4ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་དང་། མིག་སྔའི་དཔལ་འབྱོར་གནས་བབ་དང་གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བའི་སྐོར་གྱི་བསམ་འཆར་དང་གྲོས་གཞིར་གསན།

བཞུགས་མོལ་ཚོགས་འདུའི་སྟེང་ཀྲང་པེན་དང་། ལིས་ཞུན་ལེ། ཧྲིན་ཅན་ཀོང་། ཝན་མེན།    ཀྲིན་ཅིན། ཕིན་ཀྲི་ཧུའེ། ཝང་ཙོན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་བལྟས་ན།    ད་ལོ་ནས་བཟུང་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་བརླིང་དང་གསར་པའི་ཕྱོགས་སུ་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལས་དཀའ་ངལ་མི་ཉུང་བ་ཞིག་བཟོས་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་ལེགས་ཆ་མང་བ་དང་། མཉེན་གཤིས་ཆེ་བ། སྦས་ཤུགས་ཆེ་བས། འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་ཡོད། ཚང་མས་ད་དུང་ཕྱི་ཕྱོགས་ཀྱི་རྡུང་རྡེག་ལ་ཁ་གཏད་འཇལ་བ་དང་དཔལ་འབྱོར་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐད་བསམ་འཆར་དང་གྲོས་གཞི་བཏོན།

ཆེད་མཁས་པ་དང་ཁེ་ལས་པའི་གཏམ་བཤད་ལ་ཉན་རྗེས། ལིས་ཆང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ང་ཚོས་སེམས་རྣལ་དུ་ཕབ་ནས་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་པ་དང་། དུས་ཚིགས་དང་པོའི་དཔལ་འབྱོར་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད། དུས་མཚུངས་སུ། ཕྱི་ཕྱོགས་ཀྱི་རྡུང་རྡེག་ཐེབས་པ་དེས་རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་གནོན་ཤུགས་ངེས་ཅན་ཞིག་བཟོས་ཡོད་པ་གསལ་པོར་མཐོང་དགོས། ང་ཚོས་དེའི་ཐད་ཚོད་དཔག་གང་ལེགས་བྱས་ནས་གཏན་འཁེལ་མིན་པའི་རྒྱུ་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ཡག་པོ་བྱས་ཡོད།     ང་ཚོས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པོར་སྒྲུབ་ཐུབ་ན། ཀྲུང་གོའི་དཔལ་འབྱོར་བརྟན་འཇགས་ངང་ཡུན་རིང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ་ངེས་ཡིན།

ལིས་ཆང་གིས་ནན་གྱིས་བསྟན་དོན། སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་གཏན་འཁེལ་བྱས་པའི་སྲིད་ཇུས་མགྱོགས་མྱུར་སྒོས་ལག་བསྟར་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་།   གནས་བབ་ཀྱི་དགོས་མཁོར་གཞིགས་ནས་དུས་ཐོག་ཏུ་འཕར་ཚད་སྲིད་ཇུས་གསར་པ་འདོན་དགོས།     རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་རྒྱ་ཆེ་བ་དང་སྟོབས་ཆེ་རུ་བཏང་སྟེ། ནང་མཁོ་རྒྱ་བསྐྱེད་རྒྱུ་དེ་ཡུན་རིང་གི་འཐབ་ཇུས་སུ་བརྩིས་ནས། ལས་ཞུགས་བརྟན་པོ་དང་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤུས་ཚད་མཐོ་བའི་འདོན་སྤྲོད་ལ་བརྟེན་ནས་དགོས་མཁོ་སྣེ་ཁྲིད་དང་དགོས་མཁོ་གསར་སྐྲུན་བྱ་དགོས། ཚོང་གཉེར་བྱེད་པོ་རིགས་སྣ་ཚོགས་ཀྱི་གསོན་ཤུགས་ལ་སྐུལ་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་གིས་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་དང་སྲིད་ཇུས་ཀྱི་ཞབས་ཞུ་སྔར་ལས་ལེགས་པོ་འདོན་སྤྲོད་བྱ་དགོས།

ལིས་ཆང་གིས་རྒྱ་ཆེའི་ཁེ་ལས་པས་རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་བ་ཇེ་ཟབ་ཏུ་བཏང་ནས། བབ་བསྟུན་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་འཇོག་དགོས་པ་དང་།  ཆེད་མཁས་པས་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས། རྒྱང་ལྟའི་རང་བཞིན་དང་དགེ་མཚན་ལྡན་པའི་བསམ་འཆར་མང་ཙམ་འདོན་པའི་རེ་བ་ཡོད་ཅེས་གསུངས།

ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།