རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་པ་དང་། བཟོ་བཅོས་བྱས་རྗེས་ཀྱི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ཁྱབ་བསྒྲགས་གནང་།《སྲོལ་ཡིག》ལ་བསྡོམས་པའི་ལེའུ6དང་དོན་ཚན28ཡོད་པ་དང་། གཅིག་ནི་གཉེན་སྒྲིག་ཁྱིམ་ཚང་གི་ཞབས་ཞུའི་བྱ་བའི་ནང་དོན་ཁ་སྣོན་བྱས་ཡོད། གཉིས་ནི་གཉེན་སྒྲིག་ཐོ་འགོད་རྒྱལ་ཡོངས་སུ་སྒྲུབ་ཆོག་པ། གསུམ་ནི་གཉེན་སྒྲིག་ཐོ་འགོད་ཀྱི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཁྲིམས་ལྟར་དོ་བདག་པའི་འབྲེལ་ཡོད་དཔང་ཡིག་གི་རྒྱུ་ཆ་ཞིབ་བསྡུར་དང་འབྲེལ་ཡོད་གནས་ཚུལ་འདྲི་རྩད་བྱས་པ་མ་ཟད། དོ་བདག་པའི་ཐོབ་ཐང་དང་དེ་མིན་གཉེན་སྒྲིག་གནས་ཚུལ་ཆ་འཕྲིན་དྲ་སྦྲེལ་བྱས་ནས་ཞིབ་བསྡུར་བྱེད་ཐུབ།
ཤ་བོ་རིན་མཚོས་བསྒྱུར།