ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་། ཡའོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ4པའི་ཚེས14ནས་ཚེས15ཉིན་བར་ཡའོ་ནན་དུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།
མཱ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་དང་། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧཱ་མོ་ཉི་ཡིས་གདན་དྲངས་པ་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ4ཚེས15ནས་ཚེས18བར་མཱ་ལེ་ཞི་ཡ་དང་ཁམ་ཕུ་ཁྲེ་རུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།
ཤ་བོ་གསེར་མཚོས་བསྒྱུར།