ཟླ4ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཧའེ་ནན་ཧེ་ཁུག་ཏུ་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་དངོས་མང་བཤམ་སྟོན་ཚོགས་འདུ་སྐབས་ལྔ་པ་དང“ཀྲུང་གོ་ནས་ཉོ་བའི”མུ་འབྲེལ་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོར་ཞུགས།
ཟླ4ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཧའེ་ནན་ཧེ་ཁུག་ཏུ་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་དངོས་མང་བཤམ་སྟོན་ཚོགས་འདུ་སྐབས་ལྔ་པ་དང“ཀྲུང་གོ་ནས་ཉོ་བའི”མུ་འབྲེལ་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོར་ཞུགས།
ཉིན་དེའི་སྔ་དྲོར། ཧན་ཀྲིན་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ་བཅས་མཉམ་དུ་མགོ་རྩོམ་མཛད་སྒོར་ཞུགས། སྔ་དྲོའི་ཆུ་ཚོད10སྐར40ཡི་སྟེང་། ཧན་ཀྲིན་གྱིས་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་དངོས་མང་བཤམ་སྟོན་ཚོགས་འདུ་སྐབས་ལྔ་པ་དང“ཀྲུང་གོ་ནས་ཉོ་བའི”མུ་འབྲེལ་བྱ་འགུལ་གྱི་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
བྱ་འགུལ་ལ་ཞུགས་པའི་རྒྱལ་མགྲོན་འཐུས་མི་གཙོ་བོ་དང་། དབྱིན་ཇི་ཚོང་ལས་ཚོང་དོན་པུའུ་ཡི་རྒྱལ་སྲིད་བློན་ཆེན་ཏའོ་ཀི་ལ་སི·ཡཱ་ལིས་ཧྲན་ཏ། སི་ལོ་ཝ་ཁི་ཡི་ཙུང་ལི་གཞོན་པ་ཏི་ཉིས་ཧྲ·ས་ཚན་ཝ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཀྲང་ཞང་ཁྲིན་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་ཕུལ།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྲིད་གཞུང་སྡེ་ཁག་དང་། མངའ་ཁོངས་ཕྱི་ནང་གི་འགྲེམས་ཚོགས་ནང་ཞུགས་མཁན་གྱི་ཚོང་པ། ཉོ་སྒྲུབ་ཚོང་པའི་ཁེ་ལས་འཐུས་མི་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཁག་གཅིག་སོགས་མི1000ཙམ་མགོ་རྩོམ་མཛད་སྒོར་ཞུགས།
མགོ་རྩོམ་མཛད་སྒོ་མགོ་མ་བརྩམས་པའི་སྔོན་ལ། ཧན་ཀྲིན་ཧའེ་ནན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཚོགས་ཁང་དུ་བསྐྱོད་དེ་འགྲེམས་ཞུགས་ཁེ་ལས་ཀྱི་འགན་འཁུར་བ་དང་བསམ་ཚུལ་བརྗེ་རེས་བྱས། ཧན་ཀྲིན་གྱིས་བསྟན་དོན། ཟླ་སྔོན་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་ནན་གྱིས་བསྟན་དོན། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་སྒོ་འབྱེད་རྒྱ་སྔར་ལས་ཆེ་རུ་འགྲོ་ངེས་རེད་ཅེས་གསུངས། ཀྲུང་གོར་མི་འབོར་དུང་ཕྱུར14ལྷག་ཙམ་ཡོད་པ་དང་། ཁྲོམ་རའི་བར་སྟོང་རྒྱ་ཆེ་ལ། འཛད་སྤྱོད་ཀྱི་རིམ་སྤར་འགུལ་ནུས་སྟོབས་ཆེ་བ་རེད། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་ཕེབས་ནས་མ་དངུལ་བཏང་སྟེ་ཁེ་ལས་དར་རྒྱས་གཏོང་བར་དགའ་བསུ་ཞུ་བ་དང་། འཛད་སྤྱོད་དངོས་མང་བཤམ་སྟོན་ཚོགས་འདུའི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ནས་ཟོང་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་འགྲོ་འོང་གཏིང་ཟབ་ཏུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་དགོས།
ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་དངོས་མང་བཤམ་སྟོན་ཚོགས་འདུ་ནི་ཚོང་དོན་པུའུ་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་སྒྲུབ་པ་དང་། སྐབས་བཞི་ལེགས་འགྲུབ་ངང་གཉེར་བ་དེ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཞི་ཁྱོན་ཆེ་བའི་འཛད་སྤྱོད་སྤུས་ལེགས་འགྲེམས་སྟོན་ཞིག་རེད། སྐབས་འདིའི་འཛད་སྤྱོད་དངོས་མང་བཤམ་སྟོན་ཚོགས་འདུས“སྒོ་འབྱེད་ཀྱི་གོ་སྐབས་མཉམ་སྤྱོད་དང་མཛེས་སྡུག་གི་འཚོ་བ་མཉམ་དུ་བསྐྲུན་པའི”བརྗོད་བྱ་གཙོ་བོ་མུ་མཐུད་དུ་རྒྱུན་བསྲིངས་བྱས་ནས། འཛམ་གླིང་གི་རྒྱལ་ཁབ70ལྷག་ཙམ་དང་ས་ཁུལ་ཀྱི་ཁེ་ལས1700ལྷག་ཙམ། ཟོང་རྟགས4100ལྷག་ཙམ་འགྲེམས་ཚོགས་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།