ཟླ4བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲང་ཏང་ཀྲུང་དབྱང་དུ་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།
ཟླ4བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲང་ཏང་ཀྲུང་དབྱང་དུ་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཡོ་ནན་ཏང་དང་སྲིད་གཞུང་གི་མགོ་ཁྲིད་འོག ཡོ་ནན་གྱི་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་དང་། གསར་བཅོས་བྱ་གཞག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་སྤྱིའི་གནས་བབ་ཉིན་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད་པས། ཀྲུང་གོ་ཕྱོགས་དེའི་ཐད་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོ་དང་ཡོ་ནན་གཉིས་ཀྱིས་མི་རིགས་དར་རྒྱས་མངོན་འགྱུར་དང་རྒྱལ་ཁབ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པས། ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་ཞབས་འདེགས་ཞུས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་འཐོབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མཐོ་རིམ་འགྲོ་འོང་དམ་ཟབ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་བསྣན་ཏེ། བཙན་དབང་རིང་ལུགས་དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་མགོ་བཅས་དོན་འཁྱོལ་ཡག་པོ་བྱེད་པ། མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྲུང་སྐྱོབ་བྱ་དགོས།
ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ནས་དེང་རབས་ཅན་དུ་བསྐྱོད་རྒྱུར་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས། ཀྲུང་གོ་དང་ཡོ་ནན་གྱི་སྐམ་ས་དང་རྒྱ་མཚོ་འབྲེལ་མཐུད་བྱེད་པའི་གནས་ཡུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཐོན་ལས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཉོ་ཚོང་གེགས་མེད་ཡོང་བར་འགན་སྲུང་བྱ་དགོས། ཉོ་ཚོང་དང་དངུལ་གཏོང་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཆེ་རུ་གཏོང་བ་དང་། 5Gདང་། མི་ཐབས་རིག་ནུས་། ནུས་ཁུངས་གཙང་མ། གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཐོན་ལས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བརྟན་པོ་བྱས་ཏེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་སྔར་ལས་སྒོ་འབྱེད་དང་། དཀྱེལ་ཡངས། ཕན་ལྡན། དོ་མཉམ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།
ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་འབྲེལ་བ་ཇེ་བཟང་དུ་གཏོང་དགོས། ཀྲུང་གོ་དང་ཡོ་ནན་བར་དུ་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང“ཀྲུང་གོ་དང་ཡོ་ནན་གྱི་མི་གཞུང་བརྗེ་རེས་ལོའི”བྱེད་སྒོ་རབ་དང་རིམ་པ་ཡག་པོར་བསྒྲུབ་ནས། ཀྲུང་གོ་དང་ཡོ་ནན་བར་གྱི་མཛའ་མཐུན་གྱི་གཏམ་རྒྱུད་དམར་པོ་ཡག་པོར་བཤད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་དང་ལག་རྡང་སྦྲེལ་ནས་དེང་རབས་ཅན་དུ་བསྐྱོད་པའི་གཏམ་རྒྱུད་ཀྱང་ཡག་པོར་བཤད་དགོས། དམངས་སེམས་ཐོབ་པ་དང་། དམངས་འདོད་དང་མཐུན་པ། དམངས་ཚིས་ལ་ཕན་པའི་རྣམ་གྲངས་སྔར་ལས་མང་པོ་ལག་བསྟར་བྱེད་དགོས།
ཟླ4བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲང་ཏང་ཀྲུང་དབྱང་དུ་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།
ཧྥན་མེན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་བ་ནི་ད་ལོའི་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་གལ་ཆེ་ཤོས་ཡིན་ལ། ཡོ་ནན་དང་ཀྲུང་གོའི་འབྲེལ་བའི་ཁྲོད་ཀྱི་དོན་ཆེན་དང་དགའ་འོས་པའི་དོན་ཆེན་ཞིག་ཡིན་པས། ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཞིང་། ཡོ་ནན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྒུལ་ཤུགས་སྟོབས་ལྡན་སྣོན་ངེས་ཡིན།
ཧྥན་མེན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོར་ཡོ་ནན་དུ་འཚམས་འདྲི་བྱས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ཀྱི་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་པ་དང་། དངོས་གཉེར་མཉམ་ལས་ཐད་འཕེལ་རྒྱས་ཆེན་པོ་བླངས་ཤིང་། མི་དམངས་ཀྱི་མཛའ་བརྩེ་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུའི་སེམས་ཐག་བཅད་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་སེམས་གཏིང་ནས་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོ་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོའི་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སློབ་སྦྱོང་དང་། ཀྲུང་གོའི་རང་ཚུགས་རང་སྟོབས་ཀྱི་སྙིང་སྟོབས་སློབ་སྦྱོང་། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་རྣམ་པ་སློབ་སྦྱོང་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་དོན་དངུལ་གཏོང་། ཕན་ཚུན་འབྲེལ་མཐུད། ཚན་རྩལ། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། དཔལ་འབྱོར་གྱི་གསོན་ཤུགས་དང་འཕར་སྣོན་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ལ། “ཡོ་ནན་དང་ཀྲུང་གོའི་མི་གཞུང་བརྗེ་རེས་ལོའི”བྱེད་སྒོ་ཡག་པོར་གཉེར་བ་དང་། མི་སྣའི་འགྲོ་འོང་དང་ས་གནས་མཉམ་ལས་ལ་ཤུགས་བསྣན་ཏེ་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་པར་མ་ཟད། རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཁྲོད་དུ་ཀྲུང་གོའི་བར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོང་བྱ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།