ཡོ་ནན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
2025.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧོ་ནེ་ལ་འབྱོར་ནས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་མཛད། ཉིན་དེའི་ཕྱི་དྲོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཀྲུའུ་ཞིའི་བཞུགས་ཤག་གི་ཐང་ཆེན་དུ། སྐར་ལྔའི་དར་དམར་དང་སྐར་སེར་དར་དམར་ལྷབ་ལྷུབ་ཏུ་བསྐྱོད་པ་དང་། ཡོ་ནན་གྱི་ལོ་ཆུང་བྱིས་པ་ཉིས་བརྒྱ་ལྷག་གིས་ལག་གི་དར་ཆ་གཡུག་གཡུག་བྱས་ནས། ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཐོན་དུས། སུའུ་ལིན་གྱིས་སྤྲོ་སེམས་འཁོལ་བའི་སྒོ་ནས་བསུ་མ་བྱས་པ་དང་། ཡོ་ནན་གྱི་ལོ་ཆུང་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ། ཞི་ཅིན་ཕིང་སུའུ་ལིན་དང་མཉམ་དུ་གཟིགས་ཞིབ་སྟེགས་བུར་ཕེབས་ནས། སུའུ་ལིན་གྱི་འགྲོ་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པ་དང་། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་སོ་སོར་ཕ་རོལ་གྱི་འགྲོ་རོགས་མི་སྣར་ཕྱག་འཇུ་གནང་ཞིང་། དེའི་རྗེས་སུ་མཉམ་དུ་དམག་རིགས་རྣམ་འབྱེད་རུ་སྟར་ལ་གཟིགས།

དགའ་བསུའི་མཛད་སྒོའི་རྗེས་སུ། ཞི་ཅིན་ཕིང་དང་སུའུ་ལོན་གཉིས་མཉམ་དུ་ཡོ་ནན་གུང་ཁྲན་ཏང་ཡོད་སར་ཕེབས་ནས་གྲོས་མོལ་མཛད། ལམ་རྒྱུད་དུ་ཡོ་ནན་གྱི་མང་ཚོགས་མང་པོས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དར་ཆ་གཡུག་གཡུག་བྱས་ནས། ཞི་ཅིན་ཕིང་ལ་དགའ་བསུ་ཞུས།

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་དགའ་བསུ་མཛད་སྒོར་ཞུགས།

རིན་ཆེན་མཚོས་བསྒྱུར།