ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཞལ་གྱེས་གསུང་གླེང་མཛད།
2025.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0


ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཡོ་ནན་གྱི་རྒྱལ་དོན་འཚམས་འདྲི་མཇུག་བསྒྲིལ་ལ་ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཞལ་གྱེས་གསུང་གླེང་མཛད།

ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཡོ་ནན་གྱི་རྒྱལ་དོན་འཚམས་འདྲི་མཇུག་སྒྲིལ་ལ་ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཞལ་གྱེས་གསུང་གླེང་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་འཚམས་འདྲིའི་དུས་ཡུན་ཐུང་རུང་། བྱ་འགུལ་ཕུན་སུམ་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་བྱ་གཞག་དར་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རེ་འདུན་ཡང་བསྐྱར་བཏོན་ཡོད་ལ། ཚང་མས་སྔར་ལས་དྲུག་གི་སྤྱིའི་དམིགས་འབེན་ལ་ཁ་ཕྱོགས་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་བ་བཅངས་ཡོད་པ་དང་། ཚང་མས་ཕྱི་ཕྱོགས་ཀྱི་ཉེན་ཁའི་འགྲན་སློང་ལ་ཁ་གཏད་འཇལ་ནས་ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་དགོས་པ་བསྟན། ངས་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ནས་ཐེངས་འདིའི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

སུའུ་ལིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིའི་འཚམས་འདྲིར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ། ཕྱོགས་གཉིས་ཀྱིས་མཉམ་དུ་སེམས་ཁུར་བྱེད་པའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་འབྲེལ་འདྲིས་ཟབ་མོ་བྱས་པས། ཐུན་མོང་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ལ་ནུས་ལྡན་སྒོས་སྐུལ་འདེད་བཏང་ཞིང་། ཡོ་ནན་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལས་རྒྱལ་བའི་ཡིད་ཆེས་ཇེ་བརྟན་དུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་དེ་མཐོ་ཚད་གསར་བ་ཞིག་ཏུ་སླེབས། ཡོ་ནན་ཕྱོགས་ཀྱིས་འཚམས་འདྲིའི་གྲུབ་འབྲས་འབད་པས་དོན་འཁྱོལ་བྱེད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཐུན་མོང་དར་རྒྱས་འགྲོ་བའི་མ་འོངས་པ་གསར་སྐྲུན་བྱེད་རྒྱུ་ཡིན།

ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།