ཟླ4ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེ་ཡི་ཀྲུའུ་ཞིའི་བཞུགས་ཤག་ཏུ་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆཱང་ལ་ཐུག་འཕྲད་གནང་།
ཟླ4ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེ་ཡི་ཀྲུའུ་ཞིའི་བཞུགས་ཤག་ཏུ་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆཱང་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་སླེབས་མ་ཐག ལེང་ཆཱང་གིས་རླངས་འཁོར་ལས་འབབ་སར་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་བཙུགས་ནས་ལོ95ལོན་པ་དང་། ཡོ་ནན་རྒྱལ་ཁབ་བཙུགས་ནས་ལོ80ལོན་པ། ལྷོ་ཕྱོགས་བཅིངས་འགྲོལ་བཏང་ནས་ལོ50ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ་ངོ75འཁོར་བའི་ལོ་དང་ཀྲུང་གོ་དང་ཡོ་ནན་གྱི་མི་གཞུང་བརྗེ་རེས་ལོ་ཡིན། ལོ་ངོ75རིང་དུ། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་བློ་མཐུན་དང་སྤུན་ཟླ་ལྟ་བུའི་སྲོལ་རྒྱུན་མཛའ་བརྩེ་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པར་གྱུར་ཞིང་། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མཛའ་འབྲེལ་རོགས་རེས་དང་། མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ཡོད། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་རུ། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱི་གསར་སྒྱུར་དྲུག་གི་སྤྱིའི་དམིགས་འབེན་ལྟར། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དང་། མཐུན་སྒྲིལ་མཉམ་ལས་དམ་ཟབ་ཏུ་བཏང་སྟེ། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ལག་རྡང་མཉམ་སྦྲེལ་དང་མཉམ་སྐྱོད་བྱེད་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རང་སྟོབས་དང་། གཉིས་ཕན་མཉམ་ལས་བྱེད་པའི་ལེའུ་གསར་བ་བརྩམས་ཏེ། ཀྲུང་གོ་དང་ཡོན་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པས་ས་ཁུལ་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་མངོན་གསལ་དུ་གཏོང་འདོད་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་ནན་གྱི་མཛའ་འབྲེལ་མཉམ་ལས་ཐད་ཀྱི་བརྟན་འཇགས་རང་བཞིན་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་གནས་བབ་ཐད་ཀྱི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་ནས། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་ཡང་དག་པའི་བགྲོད་ལམ་བརྒྱུད་ནས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་སྟེང་ནས་ཕྱོགས་སྟོན་མདུན་སྐྱོད་ཁོང་དུ་ཆུད་པར་བྱས་ཏེ། མཐོ་རིམ་བར་གྱི་འཐབ་ཇུས་མཐུན་སྦྱོར་སྲུང་འཛིན་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་དང་ཕན་ཚུན་དཔེ་ལྟ་དང་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ། ཏང་གི་མགོ་ཁྲིད་ནུས་པ་མཉམ་དུ་མཐོར་འདེགས་བཏང་ནས། ལག་རྡང་མཉམ་སྦྲེལ་གྱིས་རང་སོ་སོའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་བརྟན་པོར་བཟང་ཕྱོགས་སུ་བསྐྱོད་དགོས། བདེ་འཇགས་ཐད་ནས་མཐུན་སྒྲིལ་གྱི་ཨ་ལོང་དམ་དུ་སྦྲེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་། སྤྱི་བདེའི་འཐབ་ཇུས་སོགས་ཀྱི་ཁ་བརྡའི་རྐྱེན་སྲོལ་རིམ་སྤོར་བྱེད་པ་གོ་སྐབས་སུ་བརྩི་བ་དང་། འགོག་སྲུང་དང་ཁྲིམས་བསྟར་ཐད་ཀྱི་བདེ་འཇགས་མཉམ་ལས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གཏོང་བ། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་གྲོས་ཚོགས་ཐེངས་བཅུ་བཞི་པར་གྲ་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་པ། ཡོ་ནན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བདག་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་གྱི་སྟེང་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྲོས་གཞི་དང་བར་ཁྱམས་གཉིས་དང་ཚོགས་སྐོར་གཅིག་གི་སྒྲོམ་གཞིའི་སྦྲེལ་མཐུད་མཉམ་ལས་སྒྲིག་བཀོད་དངོས་འབེབས་བཟང་བོ་བྱེད་པ། ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ་སོགས་ཕྱོགས་མང་བོའི་མཉམ་སྒུལ་མཉམ་འབྲེལ་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་གེགས་མེད་ཡོང་བར་འགན་སྲུང་བྱེད་དགོས་ཤིང་། 5Gདང་མི་ཐབས་རིག་ནུས། ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་སོ་སོའི་མཉམ་ལས་རྣམ་པར་ནུས་ཤུགས་སྩོལ་དགོས། མི་གཞུང་ཐད་ནས་མཛའ་འབྲེལ་གྱི་དར་ཆ་མཐོ་རུ་སྒྲེང་སྟེ། ད་ལོའི་ཀྲུང་གོ་དང་ཡོ་ནན་གྱི་མི་གཞུང་བརྗེ་རེས་ལོའི་མུ་འབྲེལ་བྱ་འགུལ་ཡག་པོར་བསྒྲུབ་པ་དང་། བབ་ཆགས་མཛེས་སྡུག་ལྡན་པའི་དམངས་ཚིས་ལས་གཞི་སྔར་ལས་མང་བོ་ལག་བསྟར་བྱེད་པ་དང་། རིག་གནས་དང་། ཡུལ་སྐོར། སྨྱན་བྱད། ས་གནས་སོགས་ཀྱི་བརྗེ་རེས་བརྒྱུད་དེ། ཀྲུང་གོ་དང་ཡོ་ནན་གྱི་མཛའ་བརྩེ་སྔར་ལས་ལྷག་པར་མི་སེམས་སུ་འདྲེས་པར་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་འགར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་ནུས་ལ་བཀག་རྐྱེན་ཐེབས་བཞིན་པ་མ་ཟད། ཕྱོགས་རྐྱང་རིང་ལུགས་ཀྱི་ནུས་པ་མངོན་གསལ་དུ་འགྱུར་བཞིན་ཡོད་ལ། སྲུང་སྐྱོབ་རིང་ལུགས་ཡང་བསྐྱར་ཕྱིར་མངོན་བཞིན་ཡོད། ཉོ་ཚོང་འཐབ་ཇུས་སྤེལ་ནས་རྒྱལ་སྤྱིའི་ཉོ་ཚོང་མ་ལག་ལ་གཏོར་བརླགས་བཏང་བ་ལས། འཛམ་གླིང་གི་དཔལ་འབྱོར་སྒྲིག་རིམ་གྱི་བརྟན་འཇགས་ལ་གནོད་སྐྱོན་བཟོས་པ་དང་། འཛམ་གླིང་རྒྱལ་ཁབ་སོ་སོ་དང་ལྷག་པར་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ད་ལྟའི་ཁེ་ཕན་ལ་གནོད་པ་བཏང་ཡོད། འཛམ་གླིང་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་རིམ་ལ་སྲུང་སྐྱོང་བྱེད་པ་དང་། བཙན་དབང་གི་ཆབ་སྲིད་དང་ཕྱོགས་རྐྱང་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཁག་ཁུར་དང་ལེན་བྱེད་དགོས་ཞེས་བསྟན།
ཟླ4ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནེ་ཡི་ཀྲུའུ་ཞིའི་བཞུགས་ཤག་ཏུ་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆཱང་ལ་ཐུག་འཕྲད་གནང་།
ལེང་ཆཱང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་ཡོ་ནན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་བར་ཡོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་ནས་ཐུན་མོང་གི་ངོས་འཛིན་བྱུང་བ་དང་། ཡོ་ནན་དང་ཀྲུང་གོའི་བར་གྱི་ཆབ་སྲིད་ཡིད་རྟོན་ཤུགས་དྲག་ཏུ་བཏང་ལ། རྒྱལ་ཁབ་གཉིས་ཀྱི་བློ་མཐུན་དང་སྤུན་ཟླ་ལྟ་བུའི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་གྱུར་ནས། ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འཐབ་ཇུས་ཀྱི་སྣེ་སྟོན་གལ་ཆེན་མཛད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་་ལུགས་དགོངས་པའི་མཛུབ་སྟོན་འོག ཀྲུང་གོས་རླབས་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་བླངས་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ནས། འབྱོར་ཕྱུག སྟོབས་ལྡན། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་བསྐྲུན་ནས། ས་གནས་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་མང་བོ་འཇོག་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོ་ནི་ཡོ་ནན་གྱིས་ཕྱི་ཕྱོགས་འབྲེལ་འདྲིས་བྱེད་པའི་ཐོག་མའི་མིང་ཐོ་ཡིན་ལ། ཡོ་ནན་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གདེང་འཇོག་ཚད་མཐོན་པོ་བྱེད་ཅིང་། ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བརྟན་པོ་དང་། ཐེ་ཝན་རང་བཙན་གྱི་ཁ་བྲལ་བྱེད་ཐབས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་མ་ཟད། ཀྲུང་གོས་ཞིན་ཅང་དང་བོད་ལྗོངས། ཞང་ཀང་སོགས་ཀྱི་གནད་དོན་ལ་འཛིན་པའི་ལངས་ཕྱོགས་དེར་རྒྱབ་སྐྱོར་བྱེད་ལ། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ངེས་ཡིན། ཡོ་ནན་གྱིས་ཀྲུང་གོའི་ཕྱོགས་ཀྱི་མཐོ་རིམ་འགྲོ་འོང་སྲུང་འཛིན་བྱས་ཏེ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། མཉམ་སྒུལ་མཉམ་འབྲེལ་དང་། མཐོ་རིམ་ཚན་རྩལ། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་སྔར་ལས་མང་བའི་ལས་དོན་སྤེལ་བ། མི་གཞུང་བརྗེ་རེས་དམ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་ཇེ་མཐོར་གཏོང་བ། འགོག་སྡོམ་དང་འགལ་བ་ཐག་གཅོད་ཡང་དག་བྱས་ཏེ། མཚོ་ཐོག་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན།
ཉིན་དེའི་ཉིན་གུང་། ལེང་ཆཱང་གིས་ཞི་ཅིན་ཕིང་ལ་དགའ་བསུའི་གསོལ་སྟོན་བཤམས།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གི་བྱེད་སྒོར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།