ཞི་ཅིན་ཕིང་ཅི་ལུང་ཕོ་རུ་འབྱོར་ནས་མཱ་ལེ་ཞི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་།
2025.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེ་གའི་དུས་ཚོད་ཟླ4ཚེས15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཅི་ལུང་ཕོ་རུ་འབྱོར་བ་དང་། མཱ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་ཡེ་པུའུ་ལ་ཞིན་གྱིས་གདན་དྲངས་པ་ལྟར་མཱ་ལེ་ཞི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་། 

ས་གནས་དེ་གའི་དུས་ཚོད་ཟླ4ཚེས15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཅི་ལུང་ཕོ་རུ་འབྱོརཏེ། མཱ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་ཡེ་པུའུ་ལ་ཞིན་གྱིས་གདན་དྲངས་པ་ལྟར་མཱ་ལེ་ཞི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་། 

ཆེད་བཏང་གནམ་གྲུ་ཅི་ལུང་ཕོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་དང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་མུའུ་ཧན་མོ་ཏི། འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། མཱ་ལེ་ཞི་ཡའི་བྱིས་པ་རྣམས་ཀྱིས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་། མཱ་ལེ་ཞི་ཡའི་ལོ་ཆུང་གཞོན་ནུ་རྣམས་ཀྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་སྟོན་བྱས་པར་མ་ཟད། ཀྲུང་མཱ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་སྤྲོའི་བསུ་མ་བྱས།

ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་བ་དང་། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ་མཱ་ལེ་ཞི་ཡའི་སྲིད་གཞུང་དང་མཱ་ལེ་ཞི་ཡའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མཱ་ལེ་ཞི་ཡ་ནི་རྒྱ་མཚོས་ཆོད་པའི་ཁྱིམ་མཚེས་བཟང་པོ་ཡིན་ཞིང་། ལོ་ངོ་སྟོང་གི་སྲོལ་རྒྱུན་མཛའ་བརྩེ་ལྡན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་གྱི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ཞིང་། མཉམ་ལས་མཉམ་རྒྱལ་བྱས་ཏེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་བསྐྲུན་ཡོད། 2023ལོར་ཕྱོགས་གཉིས་བར་དུ་ཀྲུང་མཱའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་ཐད་ནས་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་བ་དང་། ན་ནིང་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁོངས་གཏོགས་གལ་ཆེན་ཡིན་པའི་ཆ་ནས། ཀྲུང་མཱ་ཡིས་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ལ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་ཕན་པས། ངས་ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། དེང་རབས་ཅན་གྱི་འཛུགས་སྐྲུན་མཉམ་ལས་ལ་སྐུལ་འདེད་གཏོང་བ། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བ། ཀྲུང་མཱའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་མུ་མཐུད་དུ་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་མཱ་ལེ་ཞི་ཡའི་འབྲེལ་བའི་རྫོགས་ལྡན་གྱི་ལོ་ངོ50ཡི་མགོ་རྩོམ་རྒྱུའི་རེ་བ་ཡོད།

ས་གནས་དེ་གའི་དུས་ཚོད་ཟླ4ཚེས15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཅི་ལུང་ཕོ་རུ་འབྱོར་ནས། མཱ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་ཡེ་པུའུ་ལ་ཞིན་གྱིས་གདན་དྲངས་པ་ལྟར་མཱ་ལེ་ཞི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་། 

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་འགྲོ་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་དེ་མཱ་ལེ་ཞི་ཡ་རུ་འབྱོར།

ཀྲུང་གོའི་མཱ་ལེ་ཞི་ཡ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཨོའུ་དབྱང་ཡུས་ཅིན་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་གནམ་གྲུ་ཐང་ནས་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ས་གནས་དེ་གའི་ཀྲུང་གོའི་དངུལ་གཏོང་ལས་ཁུངས་ཀྱི་མི་སྣ་དང་། ཕྱི་འགྲིམ་སློབ་མས་གཞུང་ལམ་གྱི་འགྲམ་གཉིས་སུ་ཀྲུང་མཱ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་ལེ་ཞི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་ཞེས་པ་དང་། ཀྲུང་མཱའི་མཛའ་བརྩེ་ཁྲི་ལོར་ཤོག་ཅེས་པ་སོགས་ཀྱི་འཕྲད་བྱང་དམར་པོ་མཐོ་རུ་བསྒྲེངས་པར་མ་ཟད། ཕྱི་སྡོད་རང་མིའི་ཀྲུང་གོ་བས་སྤྲོ་སེམས་འཁོལ་བའི་སེང་གེའི་ཞབས་བྲོ་འཁྲབ་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་བསུ་མ་བྱས།

ཤ་བོ་གསེར་མཚོས་བསྒྱུར།