ཞི་ཅིན་ཕིང་གིས་ཡོ་ནན་གྱི་རྒྱལ་དོན་འཚམས་འདྲི་བདེ་བླག་ངང་མཇུག་བསྒྲིལ།
2025.04.16 ཁུངས། ཀློག་གྲངས། 0

ཟླ4ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གྱི་རྒྱལ་དོན་འཚམས་འདྲི་མཇུག་བསྒྲིལ། 

ཧོ་ནེ་དང་འབྲལ་སྐབས། ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་དང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་ཅིན་ཞིའུ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཧའེ་ཀྲུང་སོགས་ཡོ་ནན་གྱི་ཏང་སྲིད་མགོ་ཁྲིད་མི་སྣ་དང་ས་གནས་ཀྱི་འཐུས་མི་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས། ས་གནས་མང་ཚོགས་དང་ཀྲུང་གོའི་དངུལ་གཏོང་ལས་ཁུངས། ཕྱི་འགྲིམ་སློབ་མ་བཅས་ཀྱིས་འཕྲད་ཡིག་དམར་པོ་བཟུང་ནས་ཞི་ཅིན་ཕིང་གིས་ཡོ་ནན་ལ་རྒྱལ་ཁའི་ངང་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཤ་བོ་གསེར་མཚོས་བསྒྱུར།