བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་ཞེས་པ་སྤེལ།
2025.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས16ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བརྒྱད་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེནརིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོསཞེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་རིག་གནས་འཛུགས་སྐྲུན་བྱེད་པ་དེ་རྒྱལ་སྲིད་སྐྱོང་བའི་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གྲུབ་པ་དང་། རིག་གནས་འཛུགས་སྐྲུན་གྱིས་ཡང་དག་གཙང་བཤེར་དང་བདེན་སྲུང་གསར་གཏོད་བྱེད་པའི་ཁྲོད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས།

རྩོམ་ཡིག་ལས་བསྟན་དོན། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་དང་འབྲེལ་ལ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བ་དང་འབྲེལ་བ་ཡོད། ང་ཚོས2035ལོར་རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལེགས་འགྲུབ་བྱེད་པའི་འཐབ་ཇུས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས། མར་ཁི་སི་རིང་ལུགས་ཀྱི་རྩ་བའི་མཛུབ་སྟོན་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་དཔལ་ཡོན་ལ་རྐང་བཙུགས་ཏེ། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་ལ་བསྟུན་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ་དང་སྙིང་སྟོབས་གཅིག་སྡུད་ནུས་པ། རིན་ཐང་གི་འབོད་སྐུལ་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་བཅས་མངོན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་བསམ་བློའི་སྟོབས་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རིག་གནས་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

རྩོམ་ཡིག་ལས་ཕྱོགས་ལྔ་ནས་རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས།

གཅིག བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དགོས། བགྲོད་ལམ་འདིའི་ཆེས་རྩ་བའི་ཁྱད་རྟགས་ནི་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ཡིན། ངེས་པར་དུ་ཏང་གིས་དྲིལ་སྒྲོག་ལ་དོ་དམ་བྱེད་པ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ། ཏང་གིས་སྨྱན་བྱད་ལ་དོ་དམ་བྱེད་པ། ཏང་གིས་མཉམ་འབྲེལ་དྲ་རྒྱར་དོ་དམ་བྱེད་པའི་རྩ་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་གི་རིག་གནས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་བཏང་ནས། བསམ་བློ་དང་སྙིང་སྟོབས། རིག་གནས་བཅས་ཀྱི་ཐད་ནས་ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་ཀྱི་གཞི་རྩའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་ལག་བསྟར་བྱས་ཏེ། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པའི་མི་རིགས་ཀྱི་ཚན་རིག་དང་མཐུན་པའི་ཐུན་མོང་གི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས། གཅིག་སྡུད་ནུས་པ་དང་ཁྲིད་སྟོན་ནུས་པ་དྲག་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་པར་དམ་པོར་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་རྒྱུན་ཆད་མེད་པར་བསྐྲུན་ནས། གཙོ་རྒྱུན་རིན་ཐང་དང་གཙོ་རྒྱུན་གླེང་ཕྱོགས། གཙོ་རྒྱུན་རིག་གནས་བཅས་ཡར་རྒྱས་གོང་འཕེལ་གཏོང་དགོས།

གཉིས། ནུས་ཤུགས་ཡོད་རྒུས་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་དགོས། རིག་གནས་ཀྱི་ཚེ་སྲོག་ནུས་པ་དེ་གསར་གཏོད་གསར་སྐྲུན་ལ་རག་ལས་ཡོད་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་ཅིང་། སྤྱི་ཚོགས་ཀྱི་ཕན་འབྲས་གཙོ་བོར་འཛིན་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཀྱི་ཕན་འབྲས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས། གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་པ་དེ་རིག་གནས་ཀྱི་ལམ་ལུགས་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལས་རིམ་གཙོ་བོར་བརྩིས་ནས། རིག་གནས་དོ་དམ་ལམ་ལུགས་དང་ཐོན་སྐྱེད་ཚོང་གཉེར་རྐྱེན་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས། རིག་གནས་སྒྱུ་རྩལ་གསར་སྐྲུན་གྱི་ཐོན་སྐྱེད་ཞབས་ཞུ་དང་ཁྲིད་སྟོན། རྩ་འཛུགས་བཅས་ཀྱི་བྱ་བའི་རྐྱེན་སྲོལ་བསྒྱུར་བཅོས་བྱེད་པ་དང་། མིའི་སེམས་སུ་འཇགས་པའི་དུས་རབས་ཀྱི་བསྟན་བཅོས་བརྩམས་དགོས། རིག་གནས་ཀྱི་སྐྱེ་ཁམས་ལེགས་པོ་འབད་པས་བསྐྲུན་པ་དང་། རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་པར་སྐུལ་འདེད་གཏོང་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ནུས་ལྡན་རྐྱེན་སྲོལ་འཚོལ་ཞིབ་བྱས་ཏེ། རིག་གནས་འཛུགས་སྐྲུན་གྱི་གཞི་གྲངས་ཅན་གྱིས་སྟོབས་ནུས་སྩོལ་བ་དང་ཆ་འཕྲིན་ཅན་གྱི་ཚུལ་སྒྱུར་མངོན་འགྱུར་བྱེད་དགོས།

གསུམ། ཐོག་མཐའ་བར་གསུམ་དུ་རིག་གནས་འཛུགས་སྐྲུན་གྱིས་མིའི་དགོས་མཁོ་སྐོང་བ་དང་མིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་པ་རྒྱུན་འཁྱོངས་བྱེད་དགོས། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་ལས་སྟོབས་ལྡན་ཞེས་པ་དེ་མཐའ་མཇུག་མི་དམངས་ཀྱི་བསམ་བློའི་གཏོང་ཕྱོགས་དང་འདུ་ཤེས་འཛིན་སྟངས། རིག་གནས་བྱང་ཚད་བཅས་ཀྱི་ཐད་ནས་མངོན་དགོས། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་འདོན་སྤྲོད་ནུས་པ་མཐོར་འདེགས་བཏང་ནས། མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་ཆེར་གཏོང་དགོས། རིག་གནས་ཀྱིས་སེམས་ཁམས་གསོ་བའི་ནུས་པ་འདོན་པར་མཐོང་ཆེན་བྱས་ནས། མི་རིགས་ཚང་མ་དཔའ་ངེར་ཆེར་སྐྱེད་ཀྱི་བསམ་བློའི་རྣམ་པ་སྐྱེད་སྲིང་བྱེད་དགོས། འཇོན་མི་གསོ་སྐྱོང་དང་རུ་ཁག་འཛུགས་སྐྲུན་བྱེད་པ་དེ་དགོས་གལ་ཆེ་བའི་འཐབ་ཇུས་ཀྱི་ལས་འགན་ལ་བརྩིས་ཏེ།  གཞི་ཁྱོན་ཆེ་ལ། སྒྲིག་གཞི་ལུགས་མཐུན་ཡིན་པ། བློ་རྩ་བརྟན་པོས་གསར་གཏོད་བྱེད་པ་བཅས་ཀྱི་ཆུ་ཚད་མཐོ་བའི་འཇོན་མིའི་རུ་ཁག་ཅིག་སྒྲིག་འཛུགས་བྱེད་དགོས།

བཞི། གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གཙོ་བོའི་རང་བཞིན་དར་སྤེལ་བཏང་ནས། དཀའ་སྡུག་གི་ལོ་ཟླའི་ཁྲོད་བཤུལ་དུ་བཞག་པའི་ཀྲུང་ཧྭའི་དཔལ་ཡོན་སྲུང་སྐྱོབ་ལེགས་པོ་དང་། དར་སྤེལ་བཟང་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་བ་ནི་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་གཙོ་བོ་ཡིན། གནའ་བཟང་དེང་སྤྱོད་དང་རྙིང་འབུད་གསར་འདོན་རྒྱུན་འཁྱོངས་བྱེད་པ་དང་། གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་ནང་དོན་སྔོག་འདོན་དང་འགྲེལ་བཤད་ཟབ་མོ་བྱེད་པ། མར་ཁེ་སི་རིང་ལུགས་སྤྱད་དེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཕུལ་བྱུང་གི་གྲུབ་རྐྱེན་སྐུལ་སྤེལ་བྱེད་པར་མ་ཟད་དུས་རབས་ཀྱི་ནང་དོན་གསར་བ་སྦྱིན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས། ལོ་རྒྱུས་ལ་གོང་བཀུར་དང་རིག་གནས་ལ་དགའ་ཞེན་བཅངས་པའི་བསམ་བློ་རྒྱུན་འཛིན་བྱེད་པ་དང་། སྲུང་སྐྱོབ་གཙོ་བོར་འཛིན་པ་དང་ལུགས་མཐུན་བེད་སྤྱོད། ཐེ་གཏོགས་ཉུང་ངུ་ལས་མི་བྱེད་པའི་རྩ་དོན་བཅས་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཤུལ་བཞག་ལ་མ་ལག་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པ་དང་གཅིག་འདོམས་སྒོས་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུད་འཛིན་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་འཛུགས་དགོས།

ལྔ།  རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། མིག་སྔར། འཛམ་གླིང་འདི་ཉིད་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་ཡོད་པས། རྒྱལ་ཁབ་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཀྱི་འགྲན་རྩོད་ཉིན་རེར་ཇེ་དྲག་ཏུ་འགྲོ་བཞིན་ཡོད། འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་མོ་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་རང་འགུལ་སྒོས་ཀྲུང་གོའི་འདོད་བློ་ཁྱབ་བསྒྲགས་དང་། ཀྲུང་ཧྭ་རིག་གནས་བརྒྱུད་སྒྲོག ཀྲུང་གོའི་སྣང་བརྙན་མངོན་པ་བཅས་བྱེད་དགོས། རྒྱལ་སྤྱིའི་བརྒྱུད་སྒྲོག་གི་སྒྲིག་གཞི་བསྐྱར་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཐབས་ལམ་མང་ཞིང་ལངས་གཟུགས་རྣམ་པའི་ཕྱི་ཕྱོགས་བརྒྱུད་སྒྲོག་རྣམ་པ་བསྐྲུན་དགོས། རིག་གནས་ལ་བརྟེན་ནས་འཛམ་གླིང་ལ་གྲོས་མོལ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྣམ་པ་སྣ་མང་གི་རྒྱལ་སྤྱིའི་མི་གཞུང་བརྗེ་རེས་མཉམ་ལས་རྒྱ་ཆེར་སྤེལ་དགོས། རང་འགུལ་སྒོས་མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྲུབ་འབྲས་ལ་སློབ་སྦྱོང་དང་དཔེ་ལྟོས་བྱས་ནས། གནའ་དེང་མཉམ་གསོ་དང་ཀྲུང་ཕྱི་སྦྲེལ་མཐུད་ཐུབ་པའི་རི་གནས་གྲུབ་འབྲས་གསར་སྐྲུན་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ལས་འགན་ཡིན། ཏང་ཀྲུང་དབྱང་གིས་བསམ་བློའི་རིག་གནས་དྲིལ་སྒྲོག་བྱེད་པའི་བྱ་བར་གཅིག་བསྡུས་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། རིག་གནས་འཛུགས་སྐྲུན་གྱི་མགོ་ཁྲིད་དོ་དམ་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རིག་གནས་འཛུགས་སྐྲུན་བྱེད་པ་དེ་གོ་གནས་གཙོ་བོར་འཇོག་པ་དང་། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་དྲག་པོ་གཅིག་སྡུད་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།