ཟླ4པའི་ཚེས15ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་ནས་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་གཞོན་པ་ཨའེ་ཏིས་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས15ཉིན་པེ་ཅིང་ནས་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་གཞོན་པ་ཨའེ་ཏིས་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་སྲོལ་རྒྱུན་མཛའ་བརྩེའི་གཏིང་ཟབ་པ་དང་། རྒྱལ་ཁབ་གཉིས་ཀྱི་དབུ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་དེ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་དུས་རིམ་གསར་བར་སླེབས་ཡོད། ཀྲུང་གོས་ཧིན་རྡུ་ཉི་ཞི་མ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་དབུ་གཙོའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་བྱེད་པ་དང་། འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་པ། མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་བརྒྱད་དང་ཝན་ལུང་སྙིང་སྟོབས་དར་སྤེལ་བཏང་ནས། ས་ཁུལ་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་བར་གྱི་བརྗེ་རེས་འགྲོ་འོང་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད།
ཨའེ་ཏིས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་བརྟན་འཇགས་ཐད་ཀྱི་བྱས་རྗེས་འཇོག་འདོད་ཡོད། ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་དང་མི་དམངས་མཛའ་མཐུན་ཇེ་ཟབ་ཏུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད།
ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།