ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་རྒྱལ་དོན་འཚམས་འདྲི་བདེ་བླག་ངང་མཇུག་སྒྲིལ།
2025.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་རྒྱལ་དོན་འཚམས་འདྲི་མཇུག་སྒྲིལ། 

ཅི་ལུང་ཕོ་དང་འབྲལ་སྐབས། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་དང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་མུའུ་ཧན་མའོ་ཏི། འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་རྣམས་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས། མ་ལེ་ཞི་ཡའི་ན་གཞོན་རྣམས་ཀྱིས་གླུ་ལེན་གར་རྩེད་བྱས་པ་དང་། ས་གནས་དེ་གའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མི་སྣ་དང་ཕྱི་འགྲིམ་སློབ་མ། ཕྱིར་སྡོད་རང་མི་བཅས་ཀྱིས་གཞུང་ལམ་འགྲམ་གཉིས་སུ་ཀྲུང་གོ་དང་མ་ལེ་ཞི་ཡའི་རྒྱལ་དར་གཡུག་གཡུག་བྱས་ནས། ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་ཁའི་ངང་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། 

ལྷ་མོ་འཚོས་བསྒྱུར།