ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་དང་གྲོས་མོལ་མཛད།
2025.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་ཙུང་ཐུང་ཨན་ཝ་ཨར་གྱིས་པུའུ་ཐི་ལཱ་ཅཱ་ཡཱའི་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་མཛད།

ཟླ4པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་ཙུང་ཐུང་ཨན་ཝ་ཨར་གྱིས་པུའུ་ཐི་ལཱ་ཅཱ་ཡཱའི་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་མཛད།

ཞི་ཅིན་ཕིང་ཙུང་ལིའི་བཞུགས་ཤག་ཏུ་འབྱོར་དུས། ཨན་ཝ་ཨར་གྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། མ་ལེ་ཞི་ཡའི་ན་གཞོན་ཚོས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་པ་དང་། དགའ་སྤྲོའི་རོལ་མོ་དཀྲོལ་ཞིང་། མི་རིགས་ཀྱི་ཞབས་བྲོ་འཁྲབ་ནས། ས་ཐག་རིང་པོ་ནས་ཡོང་བའི་སྐུ་མགྲོན་གལ་ཆེན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཟླ4པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་ཙུང་ཐུང་ཨན་ཝ་ཨར་གྱིས་པུའུ་ཐི་ལཱ་ཅཱ་ཡཱའི་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་མཛད། ཞི་ཅིན་ཕིང་ཙུང་ལིའི་བཞུགས་ཤག་ཏུ་འབྱོར་དུས། ཨན་ཝ་ཨར་གྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། མ་ལེ་ཞི་ཡའི་ན་གཞོན་ཚོས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་པ་དང་། དགའ་སྤྲོའི་རོལ་མོ་དཀྲོལ་ཞིང་། མི་རིགས་ཀྱི་ཞབས་བྲོ་འཁྲབ་ནས། ས་ཐག་རིང་པོ་ནས་ཡོང་བའི་སྐུ་མགྲོན་གལ་ཆེན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡའི་སྲོལ་རྒྱུན་མཛའ་བརྩེ་ལོ་ངོ་སྟོང་ཕྲག་ལྷག་ལ་རྒྱུན་བསྲིངས་ཡོད། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དེ་ཡུན་རིང་ལོ་རྒྱུས་ཁྲོད་ཇེ་དམ་ཏུ་གྱུར་བ་དང་། རིག་གནས་མཉམ་འདྲེས་ཁྲོད་འཕེལ་རྒྱས་ཕྱིན་ལ། གཉིས་ཁེ་གཉིས་ཕན་ཁྲོད་སྲ་བརྟན་དུ་གྱུར་ཞིང་། སྐྱིད་སྡུག་མཉམ་མྱོང་ཁྲོད་གཏིང་ཟབ་ཏུ་གྱུར་ནས། སེམས་གཏིང་ནས་འབྲེལ་འདྲིས་བྱེད་པ་དང་། ལྷག་བསམ་རྣམ་དག་གི་ལྟ་ཚུལ་འཛིན་པ། དྲང་བདེན་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་པ། ཞི་བདེ་མཉམ་གནས་གཙོ་བོར་འཛིན་པ་བཅས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་མངོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ལོ་རྒྱུས་ཀྱི་བློ་གྲོས་དང་སྤོབས་པ་མཚོན་ཞིང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ན་ནིང་། ཕྱོགས་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས། འདས་པའི་ལོ་ངོ་ལྔ་བཅུའི་རིང་ལ་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། ཕྱོགས་གཉིས་ཀྱིས་རྗེས་ཕྱོགས་ཀྱི་ལོ་ངོ་ལྔ་བཅུའི་ནང་མུ་མཐུད་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ནས། ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་ཏེ། ས་ཁུལ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་དགོངས་འཆར་གསུམ་བཏོན་པ་སྟེ། 

གཅིག་ནི་འཐབ་ཇུས་ཀྱི་རང་བདག་རྒྱུན་འཁྱོངས་བྱས་ནས། ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་སྤེལ་དགོས།  ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱིས་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ཕྱོགས་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ། ལག་རྡང་སྦྲེལ་ནས་མུ་མཐུད་དུ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། བློ་རྩ་བརྟན་པོས་ཕན་ཚུན་གྱི་རྒྱལ་ཁབ་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་རྒྱབ་སྐྱོར་བྱས་ཏེ། མདུན་ལམ་ལས་དབང་རང་གིས་དམ་འཛིན་ནན་མོ་བྱེད་དགོས། ཕྱི་འབྲེལ་དང་རྒྱལ་སྲུང་གི་གྲོས་མོལ་རྐྱེན་སྲོལ་འཛུགས་པ་དང་། རྒྱལ་ཁབ་བདེ་འཇགས་དང་ས་སྲུང་། ཁྲིམས་བསྟར་བཅས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་དགོས།

གཉིས་ནི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་ཚད་གཞི་འཛུགས་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མ་ལེ་ཞི་ཡ་དང་མཉམ་དུ་ཁྲང་མིན་དཔལ་འབྱོར་འཆར་འགོད་ལེགས་འགྲུབ་བྱེད་དགོས། ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ནས་གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། སྔོན་པོའི་དཔལ་འབྱོར། མི་ཐབས་རིག་ནུས་སོགས་སྔོན་བསྐྱོད་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ། རིན་ཐང་ཕྲེང་སྦྲེལ། གཞི་གྲངས་ཕྲེང་སྦྲེལ། འཇོན་མིའི་ཕྲེང་སྦྲེལ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་དགོས།  སྲོལ་རྒྱུན་ཁྱབ་ཁོངས་མཉམ་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཕན་ཚུན་གྱི་དངུལ་གཏོང་ལ་སྐུལ་འདེད་གཏོང་དགོས། ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་་་སྤུས་འདེགས་རིམ་སྤོར་མངོན་འགྱུར་བྱས་ནས། མ་ལེ་ཞི་ཡའི་གྲུ་ཁ་གཙོ་བོ་དེ་སྐམ་མཚོའི་བགྲོད་ལམ་གསར་བའི་སྦྲེལ་གནས་གཙོ་བོར་བསྒྱུར་དགོས།

གསུམ་ནི་སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་དཔལ་ཡོན་བརྗེ་རེས་དཔེར་ལེན་ཟབ་སྤེལ་བྱེད་དགོས། རུའུ་དབྱི་དཔལ་ཡོན་གྲོས་མོལ་མཉམལས་བྱས་ཏེ། ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་དང་ཐ་ན་ས་ཁུལ་གྱི་དཔལ་ཡོན་བརྗེ་རེས་སྟེགས་བུ་བསྐྲུན་དགོས།  ཕན་ཚུན་བར་གྱི་ལམ་ཡིག་མེད་པར་གཏོང་བའི་གྲོས་ཆོད་ལ་མིང་རྟགས་འགོད་པ་དེ་གོ་སྐབས་སུ་བརྩིས་ནས། ནུས་ཤུགས་ཡོད་རྒུས་ཡུལ་སྐོར་དང་ན་གཞོན། ས་གནས་བཅས་ཀྱི་བརྗེ་རེས་སྤེལ་བ་དང་། རིག་གནས་དང་སློབ་གསོ། ལུས་རྩལ། གློག་བརྙན། སྨྱན་བྱད་སོགས་མཉམ་ལ་ཟབ་སྤེལ་བྱས་ཏེ། དམངས་སེམས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་དོམ་ཕྲར་སྲུང་སྐྱོབ་བྱེད་པའི་མཉམ་ལས་ཞིབ་འཇུག་ལེགས་པོ་སྤེལ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མ་ལེ་ཞི་ཡའི་ཕྱོགས་ཀྱིས་ད་ལོའི་ཤར་ལྷོའི་མནའ་འབྲེལ་གྱི་བརྗོད་གཞི་དེ་དཀྱེལ་ཡངས་རང་བཞིན་དང་རྒྱུན་མཐུད་ཐུབ་པའི་རང་བཞིན་ཞེས་པར་གཏན་འཁེལ་བྱས་པས། དུས་ཀྱི་འགྱུར་ལྡོག་གསལ་རྟོགས་བྱས་པ་མཚོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མ་ལེ་ཞི་ཡས་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་བྱེད་ནུས་འདོན་པར་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་དང་རྒྱལ་ཁབ་དང་མཉམ་དུ། སྔ་ས་ནས་ཀྲུང་གོ་དང་ཤར་ལྷོའི་མནའ་འབྲེལ་རང་མོས་ཉོ་ཚོང་ཁུལ་རིམ་སྤོར་གྲོས་ཆོད་ཡི་གེར་མིང་རྟགས་འགོད་པ་དང་། སྒོ་འབྱེད་དཀྱེལ་ཡངས་དང་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་འབྲེལ་ཐག་གཅོད་པ་དང་བཀག་སྡོམ་བྱེད་པ། སྒོ་ཁྲལ་གང་འདོད་དུ་བསྡུ་བ་བཅས་ལ་ངོ་རྒོལ་བྱས་ཏེ། ཞི་བདེ་དང་མཉམ་ལས། སྒོ་འབྱེད། དཀྱེལ་ཡངས་བཅས་ཀྱི་ཨེ་ཤ་ཡའི་རིན་ཐང་ལྟ་བས་བཙན་པོས་གཉོམ་ཆུང་ལ་བརྙས་བཅོས་བྱེད་པའི་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དང་། ཨེ་ཤ་ཡའི་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་གྱིས་འཛམ་གླིང་གི་གཏན་འཇགས་མིན་པ་དང་གཏན་འཁེལ་མིན་པར་ཁ་གཏད་གཅོག་དགོས།

ཟླ4པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་ཙུང་ཐུང་ཨན་ཝ་ཨར་གྱིས་པུའུ་ཐི་ལཱ་ཅཱ་ཡཱའི་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་མཛད།

 ཨན་ཝ་ཨར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་མ་ལེ་ཞི་ཡར་འཚམས་འདྲི་བྱེད་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་བྱས་ཏེ། དུས་ཡུན་རིང་པོར་ཀྲུང་གོས་ལྷག་བསམ་ཟོལ་མེད་ཀྱིས་མ་ལེ་ཞི་ཡར་རོགས་རམ་བྱས་པ་དང་། བདེ་སྡུག་མཉམ་མྱོང་དང་སྐྱིད་སྡུག་མཉམ་མྱོང་བྱས་པས། མ་ལེ་ཞི་ཡའི་བློས་ཐུབ་གྲོགས་པོ་ཡིན་ཟེར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མགོ་ཁྲིད་པའི་ཀྲུང་གོས་རླབས་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་བླངས་པ་དང་། ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ཁག་ལས་རྒྱལ་ཞིང་། ཐུན་མོང་དར་རྒྱས་དང་དཔལ་ཡོན་དཔེར་ལེན་དར་སྤེལ་བྱས་པས། ད་ལྟའི་འཛམ་གླིང་གི་ཕུལ་བྱུང་མགོ་ཁྲིད་པ་རེད། མ་ལེ་ཞི་ཡའི་མི་དམངས་ཀྱིས་ཀྲུང་གོ་དང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཡི་རང་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་འཚམས་འདྲིའི་ཐད་བླངས་པའི་མཉམ་ལས་གྲུབ་འབྲས་དེས་མ་ལེ་ཞི་ཡའི་ཕྱོགས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་སྐུལ་ལྕག་ཚད་མེད་ཐེབས་ཡོད། མ་ལེ་ཞི་ཡའི་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཐེ་ཝན་རང་བཙན་གྱི་བྱ་སྤྱོད་གང་རུང་ལ་རྒྱབ་སྐྱོར་བྱེད་མི་སྲིད། མ་ལེ་ཞི་ཡའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱས་ཏེ། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་རྒྱ་སྐྱེད་པ། ཀྲུང་གོའི་ཁེ་ལས་མ་ལེ་ཞི་ཡར་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་བྱེད་པ་དང་། མ་ལེ་ཞི་ཡའི་ཕྱོགས་དང་གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་གཉིས་སྔར་ལས་འཕེལ་རྒྱས་འགྲོ་བར་རོགས་ཤུགས་འདོན་པ། རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་མི་གཞུང་ཁྱབ་ཁོངས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྱུར་བར་སྐུལ་འདེད་བཏང་ནས། དབྱི་སི་ལན་དཔལ་ཡོན་དང་རུའུ་ལུགས་དཔལ་ཡོན་གྱི་གྲོས་མོལ་བྱེད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་རྐྱང་རིང་ལུགས་ལ་ཁ་གཏད་གཅོག་དུས། མ་ལེ་ཞི་ཡའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་ཉེན་ཁའི་འགྲན་རྩོད་ལ་ཁ་གཏད་གཅོག་འདོད་ཡོད། ཤར་ལྷོའི་མནའ་འབྲེལ་གྱིས་ཕྱོགས་རྐྱང་བའི་ངས་ནས་སྒོ་ཁྲལ་ཁ་སྣོན་བྱེད་པའི་བྱེད་ཐབས་གང་རུང་ལ་ཁས་ལེན་མི་བྱེད་པ་དང་། མཉམ་ལས་མཉམ་འབྲེལ་རང་སྤེལ་བརྒྱུད་དེ། དཔལ་འབྱོར་འཕར་སྣོན་རྒྱུན་སྲུང་བྱེད་དགོས། མ་ལེ་ཞི་ཡའི་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་ཚད་མེད་བྱེད་ཀྱིན་ཡོད། མ་ལེ་ཞི་ཡ་དེ་ཤར་ལྷོའི་མནའ་འབྲེལ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་དང་། ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཡིན་པའི་ངོས་ནས། ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་སྟེ། ས་ཁུལ་ཞི་བདེ་བརྟན་བརླིང་ངང་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན།

 ཟླ4པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་ཙུང་ཐུང་ཨན་ཝ་ཨར་གྱིས་པུའུ་ཐི་ལཱ་ཅཱ་ཡཱའི་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་མཛད། འདི་ནི་གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བརྗེ་རེས་བྱས་པར་མཉམ་དུ་བདེན་དཔང་མཛད་པའི་རྣམ་པ་རེད། 

 4པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་ཙུང་ཐུང་ཨན་ཝ་ཨར་གྱིས་པུའུ་ཐི་ལཱ་ཅཱ་ཡཱའི་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་མཛད། གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བརྗེ་རེས་བྱས་པར་མཉམ་དུ་བདེན་དཔང་མཛད། འདི་ནི་ཞི་ཅིན་ཕིང་དང་ཨན་ཝ་ཨར་གྱིས་ཕྱག་འཇུ་གནང་བའི་རྣམ་པ་རེད། 

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་དང་ཕྱོགས་མང་པོའི་མཉམ་ལས་ཡིག་ཆ་སུམ་ཅུ་བརྗེ་རེས་བྱས་པར་མཉམ་དུ་བདེན་དཔང་མཛད་ཅིང་། དེ་གོ་ལ་ཧྲིལ་བོའི་གྲོས་འགོ་གསུམ་གྱི་མཉམ་ལས་དང་། རུའུ་དབྱིའི་དཔལ་ཡོན་གྲོས་མོལ་བྱེད་པ། གཞི་གྲངས་དཔལ་འབྱོར། ཞབས་ཞུའི་ཉོ་ཚོང་།  རྒྱལ་ཁབ་གཉིས་ཀྱི་ཐོན་ལས་གླིང་ཁུལ་རིམ་སྤོར་འཕེལ་རྒྱས། མཉམ་འབྲེལ་ཚོད་ལྟ་ཁང་། མི་ཐབས་རིག་ནུས། ལྕགས་ལམ། ཤེས་བྱའི་བདག་དབང་། ཞིང་ལས་ཐོན་རྫས་ཀྲུང་གོར་ནང་འདྲེན་བྱེད་པ། ལམ་ཡིག་མེད་པར་གཏོང་བ།  དོམ་ཕྲར་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ལ་ཁེབས་ཡོད། 

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མ་ལེ་ཞི་ཡས་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

ཉིན་དེའི་དགོང་མོར། ཨན་ཝ་ཨར་གྱིས་ཞི་ཅིན་ཕིང་ལ་དགའ་བསུའི་གསོལ་སྟོན་བཤམས།

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།