ཟླ4པའི་ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེའི་རྒྱལ་ཡུམ་མའོ་ཉི་ལའེ་ཡིས་ཅིན་པེན་ཕོ་བྲང་དུ་མཇལ་འཕྲད་གནང་།
ཟླ4པའི་ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེའི་རྒྱལ་ཡུམ་མའོ་ཉི་ལའེ་ཡིས་ཅིན་པེན་ཕོ་བྲང་དུ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་མའོ་ཉི་ལའེ་ལ་ཁམ་ཕུ་ཁྲེའི་སྲོལ་རྒྱུན་ལོ་གསར་གྱི་བཀྲ་ཤིས་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། གོང་མའི་ཡབ་ཞི་ཧྭ་ནུའུ་ཁི་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་མཐུན་གྱི་དར་ཆ་ལྟ་བུ་ཡིན་ལ། ཀྲུང་གོའི་མགོ་ཁྲིད་རྒན་རབས་པ་དང་མཉམ་དུ། སྐུ་དངོས་སུ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་བརྩེ་ཟབ་མོ་བཙུགས་ཡོད་པས། ང་ཚོས་ཁོང་གིས་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་པར་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། རྒྱལ་ཡུམ་མའོ་ཉི་ལའེ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་བརྩེ་དངོས་སུ་བརྒྱུད་མཁན་དང་དེར་སྐུལ་འདེད་གཏོང་མཁན་ཡིན་ཕྱིར། ཀྲུང་གོའི་མི་དམངས་བར་དམིགས་བསལ་གྱི་བརྩེ་བ་ཟབ་མོ་ཆགས་ཡོད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛའ་བརྩེའི་བྱས་རྗེས་གཟེངས་རྟགས་གནང་ན་མིང་དོན་མཚུངས་པ་ཞིག་རེད། ཀྲུང་གོ་ནི་ཁྱོད་ཀྱི་ཁྱིམ་གཞི་གཉིས་པ་དེ་ཡིན་པས། ནམ་ཡང་ཀྲུང་གོར་ཕེབས་པར་དགའ་བསུ་ཞུ།
མའོ་ཉི་ལའེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཁམ་ཕུ་ཁྲེའི་ཆེས་རླབས་ཆེན་གྱི་གྲོགས་པོ་ཡིན་ལ། ཐེངས་འདིར་ཁམ་ཕུ་ཁྲེར་འཚམས་འདྲིར་ཕེབས་པ་ནི་ཁམ་ཕུ་ཁྲེའི་མི་དམངས་ཡོངས་ཀྱི་གཟི་བརྗིད་རེད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྒན་རབས་པས་བསྐྲུན་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་བརྩེ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་ཕྱིན་པ་མཐོང་བས་ཧ་ཅང་དགའ་སྤྲོ་སྐྱེ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་དང་ཇེ་དམ་དུ་འགྱུར་བར་ཡིད་ཆེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་སྟེང་གྲུབ་འབྲས་ཆེན་པོ་ལེན་ཐུབ་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ།
ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་མཇལ་འཕྲད་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།