ས་གནས་དེའི་དུས་ཚོད་ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཅིན་པེན་དུ་འབྱོར་ཏེ། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧཱ་མོ་ཉིའི་གདན་ཞུས་ལྟར། ཁམ་ཕུ་ཁྲེ་ལ་རྒྱལ་དོན་འཚམས་འདྲི་གནང་།
ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཅིན་པེན་དུ་འབྱོར་ཏེ། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧཱ་མོ་ཉིའི་གདན་ཞུས་ལྟར། ཁམ་ཕེ་ཁྲེ་ལ་རྒྱལ་དོན་འཚམས་འདྲི་གནང་།
ས་གནས་དེའི་དུས་ཚོད་ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཅིན་པེན་དུ་འབྱོར་ཏེ། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧཱ་མོ་ཉིའི་གདན་ཞུས་ལྟར། ཁམ་ཕུ་ཁྲེ་ལ་རྒྱལ་དོན་འཚམས་འདྲི་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞི་ཧཱ་མོ་ཉིར་བྱམས་བརྩེའི་ཕྱག་འཇུ་གནང་བའི་རྣམ་པ་རེད།
ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཅིན་པེན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་དུས། རྒྱལ་པོ་ཞི་ཧཱ་མོ་ཉི་ཡིས་རྒྱལ་རྒྱལ་རྒྱུད་ཞ་ཁཱ་ཕིན་དང་སྲས་མོ་ཨ་ལུན་སོགས་གོང་མ་ཚང་གི་ཁོངས་མི་དང་། མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སིན། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཆན་ཡའེ། དབུ་བཞུགས་བློན་ཆེན་གཞོན་པ་ལྔ་སྟེ་ཀའོ་སའོ་ཕཱ་དང་། པུའུ་ལཱ་སའོ་ཁུན། ཧན་ཁྲུན་ནཱ་ལའོ། ཧྲའོ་སའོ་ཁཱ། ཧུང་མཱ་ཉི་བཅས་ཁྲིད་དེ་གནམ་གྲུ་ཐང་དུ་སྤྲོ་སེམས་འཁོལ་བའི་ངང་ནས་བསུ་མ་བྱས། གུས་ལུགས་དམག་མི་ས་གདན་དམར་པོའི་གཞོགས་གཉིས་སུ་གྲལ་བསྒྲིགས་ཡོད་ལ། ཁམ་ཕུ་ཁྲེའི་གོང་མ་ཚང་གི་སྲས་མོ་ཀྲིན་ནཱ་ཡིས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་། གཞོན་ནུ་མ་རྣམས་ཀྱིས་ས་གདན་དམར་པོའི་གཞོགས་གཉིས་ནས་མེ་ཏོག་གི་འདབ་མ་གཏོར།
ས་གནས་དེའི་དུས་ཚོད་ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཅིན་པེན་དུ་འབྱོར་ཏེ། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧཱ་མོ་ཉིའི་གདན་ཞུས་ལྟར། ཁམ་ཕུ་ཁྲེ་ལ་རྒྱལ་དོན་འཚམས་འདྲི་གནང་། འདི་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་འབུད་པའི་རྣམ་པ་རེད།
ཞི་ཧཱ་མོ་ཉི་ཡིས་གནམ་གྲུ་ཐང་ནས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུས།
ས་གནས་དེའི་དུས་ཚོད་ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཅིན་པེན་དུ་འབྱོར་ཏེ། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧཱ་མོ་ཉིའི་གདན་ཞུས་ལྟར། ཁམ་ཕུ་ཁྲེ་ལ་རྒྱལ་དོན་འཚམས་འདྲི་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞི་ཧཱ་མོ་ཉིའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པའི་རྣམ་པ་རེད།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་སྟེང་བུད་པ་དང་། དམག་མིའི་གཟབ་སྦྲེང་རུ་ཁག་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕིང་གིས་ཞི་ཧཱ་མོ་ཉིའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕ་རོལ་བོའི་ཕེབས་རོགས་མི་སྣར་ཕྱག་འཇུ་གནང་ནས་གུས་སེམས་བསྟན།
ས་གནས་དེའི་དུས་ཚོད་ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཅིན་པེན་དུ་འབྱོར་ཏེ། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧཱ་མོ་ཉིའི་གདན་ཞུས་ལྟར། ཁམ་ཕུ་ཁྲེ་ལ་རྒྱལ་དོན་འཚམས་འདྲི་གནང་། འདི་ནི་ཞི་ཅིན་ཕིང་གིས་དགའ་བསུ་བྱེད་པའི་མི་སྣར་ཕྱག་གཡུག་གནང་ནས་གུས་སེམས་སྟོན་པའི་རྣམ་པ་རེད།
ས་གནས་དེའི་མང་ཚོགས་མང་པོས་རྒྱལ་ཁབ་གཉིས་ཀྱི་དར་ཆ་གཡུག་གཡུག་བྱས་པ་དང་། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་བརྩེ་དང་། མཐུན་སྒྲིལ། མཉམ་ལས་བཅས་ཁྲི་ལོར་ཤོག་ཅེས་པ་སོགས་ཀྱི་འཕྲེད་ཡིག་དམར་པོ་ལག་ལ་བཟུང་ནས། སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་ཕེབས་པར་དགའ་བསུ་བྱས།
ས་གནས་དེའི་དུས་ཚོད་ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཅིན་པེན་དུ་འབྱོར་ཏེ། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧཱ་མོ་ཉིའི་གདན་ཞུས་ལྟར། ཁམ་ཕུ་ཁྲེ་ལ་རྒྱལ་དོན་འཚམས་འདྲི་གནང་། འདི་ནི་ཞི་ཅིན་ཕིང་གིས་དགའ་བསུ་བྱེད་པའི་མི་སྣར་ཕྱག་གཡུག་གནང་ནས་གུས་སེམས་སྟོན་པའི་རྣམ་པ་རེད།
ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་བ་དང་། ཁམ་ཕུ་ཁྲེའི་སྲོལ་རྒྱུན་ལོ་གསར་ཐོན་ལ་ཉེ་དུས། ཁམ་ཕུ་ཁྲེའི་སྲིད་གཞུང་དང་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྒན་རབས་པ་རྣམས་ཀྱིས་སྐུ་དངོས་སུ་བཙུགས་ནས་སྐྱེད་སྲིང་བྱས་པ་ཡིན་པས། རྒྱལ་སྤྱིའི་འགྱུར་ལྡོག་མང་པོའི་ཉམས་སད་ཐེག་ཡོད་ལ། ཐོག་མཐའ་བར་གསུམ་དུ་སྲ་མོ་རྡོ་བཞིན་འགྱུར་བ་མེད་པ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱིས་ཐོག་མར་ཕྱོགས་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་ཤིང་། ཐོག་མར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་སྤེལ་བ་དང་། རྒྱལ་ཁབ་སོ་སོའི་གཏན་འཇགས་ལ་སྲུང་སྐྱོབ་དང་དེ་ཡར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་བྱ་གཞག་ཁྲོད་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ཁྲོད་མཐུན་སྒྲིལ་མཉམ་ལས་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་བ་འཛུགས་པར་དཔེ་མཚོན་བསྐྲུན་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས། ངས་ཁམ་ཕུ་ཁྲེའི་མགོ་ཁྲིད་མི་སྣ་དང་མཉམ་དུ་མཛའ་བརྩེ་རྒྱུན་འཛིན་དང་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཉམ་ལས་སྒྲོམ་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་མང་པོ་བསྐྲུན་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་བརླིང་ཡོང་བར་དྲང་ནུས་སྔར་ལས་མང་པོ་སྣོན་པའི་རེ་བ་བཅངས་ཡོད།
ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་ཕེབས་རོགས་མི་སྣ་མཉམ་དུ་གནམ་གྲུ་ཐང་དུ་འབྱོར།
ཀྲུང་གོའི་ཁམ་ཕུ་ཁྲེར་སྡོད་པའི་གཞུང་ཚབ་ཆེན་མོ་ཝང་ཝུན་པེན་གནམ་གྲུ་ཐང་དུ་འབྱོར་ནས་བསུ་མ་བྱས།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་གསོལ་ཚིགས་ཁང་ལ་ཕེབས་པའི་ལམ་བར་དུ། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག ས་གནས་ཀྱི་མང་ཚོགས་ཁྲི་གཉིས་ལྷག་དང་། ཕྱིར་སྡོད་རང་མི། ཀྲུང་གོའི་དངུལ་གཏོང་ཁེ་ལས། ཕྱི་འགྲིམ་སློབ་མ་སོགས་ཀྱི་འཐུས་ཚབ་པ་སྲང་ལམ་གྱི་གཞོགས་གཉིས་སུ་ལངས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་རྒྱལ་དར་གཡུག་གཡུག་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་སྐུ་པར་ལག་ལ་བཟུང་སྟེ། སྤྲོ་སེམས་འཁོལ་བའི་ངང་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།
ལྷ་མོ་འཚོས་བསྒྱུར།