ཏེན་ཞུའེ་ཞང་གིས་ཨུ་རུ་སིའི་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཆི་ཝེ་ལིའོ་ཧྥུའུ་ལ་མཇལ་འཕྲད་གནང་།
2025.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4བའི་ས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཨུ་རུ་སུའི་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཆི་ཝེ་ལིའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ4བའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཨུ་རུ་སུའི་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཆི་ཝེ་ལིའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན། ནུས་ཁུངས་མཉམ་ལས་ནི་ཀྲུང་གོ་དང་ཨུ་རུ་སུའི་དངོས་གཉེར་མཉམ་ལས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་པས།    རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་ངོས་འཛིན་གཅིག་མཐུན་རྩ་བའི་གཞིར་འཛིན་སར་བརྩིས་ནས། ནུས་ཁུངས་ཀྱི་མངའ་ཁོངས་སུ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།    ལས་གཞི་གལ་ཆེན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ།    མཉམ་ལས་ཀྱི་བར་སྟོང་གསར་པ་ཧུར་ཐག་གིས་རྒྱ་བསྐྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཡོད་ཀྱི་ཁེ་ཕན་བསྐྲུན་འདོད་ཡོད།     ཕྱོགས་མང་ལམ་སྲོལ་འོག་གི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས། དྲང་གཞག་འདྲ་མཉམ་དང་དོ་མཉམ་ཁོངས་ཡངས་ཀྱི་འཛམ་གླིང་ནུས་ཁུངས་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

ཆི་ཝེ་ལིའོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ཕྱོགས་མང་གྲོས་མགོར་ཧ་ཅང་མོས་མཐུན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་བློས་འགེལ་ཆོག་པའི་མཉམ་ལས་གྲོགས་པོར་བརྩི་བཞིན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ནས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་སྔར་ལས་ལེགས་པོ་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།