ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2025.04.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་ཞེ་བཞི་པ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས། ཀྲུང་དབྱང་ཉེ་འཁོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱི་མངག་བཅོལ་ལྟར། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཉི་མ་སྒྲོལ་མ་དང་། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲེ་བཅས་གྲོས་ཚོགས་སུ་ཞུགས་པ་དང་།  ལིའུ་ཐུང་ཏི་གྲོས་ཚོགས་སུ་ཟུར་ཞུགས་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གཟིགས་རྒྱང་རིང་པ་དང་ནང་དོན་ཕུན་སུམ་ཚོགས་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་དྲག་པོ་ལྡན། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་བསམ་བློའི་ངོས་འཛིན་གཏིང་ཟབ་བྱས་ཏེ། དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལག་བསྟར་དངོས་འབེབ་ནན་མོ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་འགན་འཁྲི་གཙོ་བོ་འཁུར་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་དང་རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཐབ་ཇུས་གོ་གནས་གལ་ཆེན་ལ་དམ་པོར་དམིགས་ནས། དམངས་ཆེན་བྱ་བའི་ཟུང་འབྲེལ་གནས་དང་། མགོ་རྩོམ་ས་དང་རྐང་འཛུགས་ས་ཡང་དག་བཙལ་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཁྲིམས་འཛུགས་བྱ་བར་མུ་མཐུད་དུ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་ལྟར་ཞིབ་བཤེར་ནུས་ཚད་ཆེ་རུ་གཏོང་བ་དང་། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བར་གཞོག་འདེགས་བྱེད་དགོས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། དང་ལེན་བྱེད་ཕོད་པ་དང་རང་འགུལ་གྱིས་དང་ལེན་བྱེད་པ། གཞོག་འདེགས་ཧུར་ཐག་བྱེད་པའི་སྐོར་སྐྱོད་ལྟ་ཞིབ་ཀྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་དགོས་ལ། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དྲག་པོར་བརྟེན་ནས་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ཀྱི་འབྲེལ་ཡོད་བྱ་བར་གཞོགས་འདེགས་བྱེད་དགོས། ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ཁྲོད་རང་འགུལ་གྱིས་ཞུགས་པ་དང་དེར་ཞབས་འདེགས་ཞུས་ནས། རང་ཞིང་གི་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་གཞོག་འདེགས་བྱེད་དགོས།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་སློབ་སྦྱོང་སློབ་གསོའི་བྱ་བའི་འཕེལ་རིམ་གནས་ཚུལ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་སློབ་སྦྱོང་སློབ་གསོའི་གནད་དོན་འཚོལ་ཞིབ་གནས་ཚུལ་གྱི་སྙན་ཞུར་ཉན།

ཤ་བོ་རིན་མཚོས་བསྒྱུར།