ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་གཞུང་སྒྲུབ་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2025.04.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4བའི་ཚེས18ཉིན། ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་གཞུང་སྒྲུབ་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ལ། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་དང་། རྒྱལ་ཡོངས་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་དངོས་འབེབས་བྱས་ཤིང་། ན་ནིང་གི་བྱ་བ་སྤྱི་བསྡོམས་དང་ད་ལོའི་བྱ་བ་བཀོད་སྒྲིག་བྱས།

གྲོས་ཚོགས་ལ་བལྟས་ན། ལོ་གཅིག་གི་ནང་དུ། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཐབ་ཕྱོགས་ཀྱི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབས་བྱས་ལ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གཙོ་སྐྱོང་ས་ཁུལ་གཞིར་བཟུང་ནས་རྣམ་པ་སྣ་མང་གི་གཞུང་ལུགས་སྒྲོག་འགྲེལ་བྱ་བ་སྤེལ་ཞིང་། ཉེ་གམ་གྱི་མི་བཟང་དང་བྱམས་སེམས་ལྡན་པའི་སྔོན་ཐོན་དཔེ་མཚོན་སོགས་འདེམ་པ་བརྒྱུད་དེ་སྣ་མང་ཕུན་སུམ་ཚོགས་པའི་དཔལ་ཡོན་གསོ་སྐྱོང་གི་བྱ་འགུལ་སྤེལ་ནས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་བཏང་ལ། དཔལ་ཡོན་ལག་ལེན་རྒྱ་སྐྱེད་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱིས་བལྟ་འདོད་ཅིང་ཉན་སྤྲོ་བའི་རིག་གནས་བྱ་འགུལ་རབ་དང་རིམ་པ་ཞིག་སྤེལ་བར་མ་ཟད། མཚོ་སྔོན་གྱི་ཁྱད་ཆོས་བསྐྲུན་པ་དང་དྲིལ་སྒྲོག་བྱས་ཏེ། དཔལ་ཡོན་གྲོང་ཁྱེར་སྣེ་ཁྲིད་དུ་བྱས་པའི་གསར་སྤེལ་ཆེན་མོ་ལྔའི་ལེགས་སྒྱུར་གསར་གཏོད་ཐད་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་ལས་དོན་སོ་སོར་གྲུབ་འབྲས་གསར་བ་བླངས་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར། དངོས་འབེབས་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་རིག་གནས་འོས་འགན་ཁག་ཁུར་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བཏང་ནས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལེགས་བཅོས་གསར་སྐྲུན་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གནས་འཛུགས་སྐྲུན། དཔལ་ཡོན་གསོ་སྐྱོང་། ནར་མ་སོན་པའི་མིའི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན། དྲ་རྒྱའི་དཔལ་ཡོན། ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་བྱ་བར་གཅིག་གྱུར་སྒོས་སྐུལ་འདེད་བཏང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཆེད་གཉེར་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་བེད་སྤྱོད་ཡག་པོ་བྱེད་པ། ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ས་ཁུལ་སྐོར་ཞིག་གིས་བརྗེ་རེས་གཏམ་བཤད་སྤེལ། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་བློ་མཐུན་གྱིས་ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གཞི་གྲངས་རིག་ནུས་སྟེགས་བུ་གཞི་རྩའི་སྟེང་བཙུགས་ཡོད་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། དར་སྲོལ་གསར་པའི་དཔལ་ཡོན་བཟོ་སྐྲུན་རིམ་སྤར་བྱེད་པར་བཀོད་སྒྲིག་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།