ཟླ4པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་བརྙན་རིས་བརྒྱུད་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་མན་སུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་དངུལ་གཏོང་མཉམ་ལས་ཀྱི་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་མཛད།
ཟླ4པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་བརྙན་རིས་བརྒྱུད་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་མན་སུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་དངུལ་གཏོང་མཉམ་ལས་ཀྱི་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་མཛད།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་ཧན་མའོ་ཏི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་ཞིག་བཙུགས་ཡོད། ཀྲུང་གོ་དང་ཨ་རབ་དངུལ་གཏོང་མཉམ་ལས་ཀྱི་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་རྒྱུར་ཕན་པ་དང་། ཕྱོགས་གཉིས་ཀྱི་ཐུན་མོང་གི་རེ་འདུན་དང་དོན་དངོས་ཀྱི་དགོས་མཁོ་དང་འཚམ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ནས། དངུལ་གཏོང་མཉམ་ལས་གཞི་ཁྱོན་དང་ཕན་འབྲས་སྔར་ལས་མཐོ་རུ་བཏང་སྟེ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་ཨ་རབ་དངུལ་གཏོང་མཉམ་ལས་ཀྱི་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་བཙུགས་པའི་ཚུན་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་གྲོས་གཞི་གསུམ་བཏོན་ཡོད། གཅིག་ནི་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འཆར་འགོད་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། དངུལ་གཏོང་ཁྱབ་ཁོངས་ཀྱི་འཐབ་ཇུས་དང་འཆར་འགོད། སྲིད་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ། ཞིབ་འཇུག་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་འདོན་དགོས། གཉིས་ནི་ལས་གཞི་གལ་ཆེན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ལས་གཞི་གལ་ཆེན་སྐོར་ཞིག་འཆར་འགོད་དང་ལག་བསྟར་ཡག་པོ་བྱ་དགོས། གསུམ་ནི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་མཉམ་ལས་གཙོ་གཟུགས་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཁེ་ལས་ཀྱིས་ཧུར་ཐག་གིས་མཉམ་ལས་ཀྱི་མངའ་ཁོངས་རྒྱ་སྐྱེད་རྒྱུར་སྐུལ་མ་གཏོང་བ་དང་སྣེ་ཁྲིད་བྱས་ནས། དངུལ་གཏོང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས།
མན་སུའུ་ཨར་གྱིས་བསྟན་དོན། ཨ་རབ་ཕྱོགས་ཀྱིས་འཕེལ་རྒྱས་དམ་ཟབ་འགྲོ་བཞིན་པའི་ཨ་རབ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་དངུལ་གཏོང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱད་སྟོབས་གསབ་རེས་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་སྔར་ལས་ལེགས་པོར་གཏོང་འདོད་ཡོད།
གྲོས་ཚོགས་ལས་དྲུང་ཡིག་ཁྲུའུ་ཡི་བྱ་བའི་སྙན་ཞུ་དང་། མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་འབྲེལ་ཡོད་ཁེ་ལས་མཉམ་ལས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཕྱོགས་གཉིས་ཀྱིས་དུས་རིམ་རྗེས་མའི་བྱ་བའི་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ངོས་འཛིན་གཅིག་མཐུན་བྱུང་ཡོད།
ཤ་བོ་རིན་མཚོས་བསྒྱུར།