ཧན་ཀྲིན་གྱིས་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅི་ཡུའེ་ནའོ་ལ་མཇལ་འཕྲད་གནང་།
2025.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅི་ཡུའེ་ནའོ་ལ་མཇལ་འཕྲད་གནང་།

ཟླ4པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅི་ཡུའེ་ནའོ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ལཱ་པའོ་ཝོ་གཉིས་ཀྱིས་ས་གནས་དང་གོ་ལ་ཧྲིལ་བོའི་ཤུགས་རྐྱེན་ཐེབས་ནུས་མངོན་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོའི་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཕྱོགས་མང་མཉམ་ལས་དམ་ཟབ་སྤེལ་བ་བཅས་བྱས་ཏེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་དང་དེ་མིན་ས་གནས་དང་འཛམ་གླིང་དར་རྒྱས་གོང་འཕེལ་འགྲོ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།

སུའུ་ཅི་ཡུའེ་ནའོ་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡ་ཡིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། བློ་རྩ་བརྟན་པོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ། ཉེན་ཁའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལྷ་མོ་འཚོས་བསྒྱུར།