ཟླ4པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེན་ཉི་ཨར·ནའོ་ཝོ་ཡཱ་ལ་གློག་འཕྲིན་བཏང་ནས། ཁོས་ཨེ་ཀྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བསྟུད་མར་ཁུར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཀྭ་ཏོར་ནི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡིན། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ཨེ་ཀྭ་ཏོར་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་སྔར་ལས་ཇེ་དྲག་ཏུ་ཕྱིན་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་མིའི་སེམས་སུ་འཇགས་པར་བྱས། ད་ལོ་ནི་ཀྲུང་གོ་དང་ཨེ་ཀྭ་ཏོར་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འཁོར་བའི་ལོ་ཡིན་པས། ངས་ཙུང་ཐུང་སྐུ་ཞབས་དང་མཉམ་དུ་འབད་པ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་སྔར་ལས་སྐས་རིམ་གསར་བར་སླེབས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད།
ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཨེ་ཀྭ་ཏོར་གྱི་ཙུང་ཐུང་གཞོན་པ་ཕིན་ཐའོ་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
ལྷ་མོ་འཚོས་བསྒྱུར།