ཟླ4པའི་ཚེས23ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཨ་ལེ་ཡེ་ཧྥུའུ་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་པར་རེད།
ཟླ4པའི་ཚེས23ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨ་སེ་པད་ཅང་གི་བར་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། བློ་ཁ་མཐུན་ན་རི་བོ་དང་རྒྱ་མཚོས་ཆོད་ཀྱང་ཐག་མི་རིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོ་དང་ཨ་སེ་པད་ཅང་བར་གྱི་འབྲེལ་བ་ནི་ལེ་དབར་ཁྲི་སྟོང་གིས་ཆོད་ཀྱང་དུས་ཡུན་རིང་བོར་བརྟན་པོར་གནས་ཡོད། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་འབྲེལ་བ་འཛུགས་པའི་ཐོག་མའི་སེམས་འདུན་བློ་ལ་བརྟན་པོར་ངེས་པར་བྱས་ནས། ཕན་ཚུན་བརྩི་འཇོག་དང་དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཕན་བཅས་རྒྱུན་འཁྱོངས་བྱས་ཏེ། འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ཨ་སེ་པད་ཅང་གི་འབྲེལ་བར་ལྟ་སྟངས་ལེགས་པོ་བཅངས་ནས་འཕེལ་རྒྱས་གཏོང་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་དམ་ཟབ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་སེ་པད་ཅང་གི་མཉམ་ལས་ཀྱི་ལེའུ་གསར་པའི་མགོ་བརྩམས་ནས། རྒྱལ་ཁབ་གཉིས་ཀྱི་དར་རྒྱས་གོང་འཕེལ་ལ་རོགས་རམ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་སེ་པད་ཅང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ། འཐབ་ཇུས་གྲོགས་པོས་བརྩི་སྲུང་བྱེད་དགོས་པའི་དོན་དག་ཅིག་ཀྱང་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨ་སེ་པད་ཅང་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་ཚུགས། མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱས་ནས། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་མུ་མཐུད་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཨ་སེ་པད་ཅང་བར་གྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་སྟོབས་ཤུགས་ངན་པ་གསུམ་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་འདོད་ཡོད། ཀྲུང་གོ་དང་ཨ་སེ་པད་ཅང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་དང་མཐུན་པའི་བདེ་སྐྱིད་བསྐྲུན་ཡོད། རྩེ་རིམ་ཇུས་འགོད་ཇེ་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཉམ་ལས་ཀྱི་སྦས་ཤུགས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་བ་ལེགས་པོ་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་དགོས། སློབ་གསོ་དང་རིག་གནས། ཡུལ་སྐོར། ན་གཞོན། ས་གནས་སོགས་ཐད་ཀྱི་མཉམ་ལས་ལ་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ཏེ། དམངས་སེམས་གཅིག་འབྲེལ་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་བརྟན་པོ་འཛུགས་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། སྒོ་ཁྲལ་རྩོད་གླེང་དང་ཉོ་འཚོང་གཡུལ་འཐབ་ཀྱིས་རྒྱལ་ཁབ་སོ་སོར་གནོད་སྐྱོན་ཐེབས་ཀྱིན་ཡོད་ལ། ཕྱོགས་མང་ཉོ་ཚོང་གི་སྒྲིག་སྲོལ་ལམ་སྲོལ་ལ་གཏོར་བཤིག་གཏོང་བ་དང་འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་ལ་རྡུང་རྡེག་ཐེབས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་སེ་པད་ཅང་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་འཛིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞིར་འཛིན་པའི་རྒྱལ་སྤྱིའི་སྒྲིག་ལམ་བརྩི་སྲུང་དང་། རང་ངོས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བརྟན་པོ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད།
ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། རྒྱལ་སྤྱིའི་གོ་གནས་དང་ཤུགས་རྐྱེན་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད། འཛམ་གླིང་ལོ་བརྒྱའི་འཕོ་འགྱུར་དུ་གནས་ཡོད་མོད། འོན་ཀྱང་ཨ་སེ་པད་ཅང་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པ། མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་ཉོ་འཚོང་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་བྱུང་བས། ས་གནས་ཀྱི་བརྗེ་རེས་ཉིན་རེ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་ལ། མཉམ་ལས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཨ་སེ་པད་ཅང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བའི་ཆེད་དུ་བཏོན་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་གྱི་འདུ་ཤེས་ལྟ་བ་དེ་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་།དར་རྒྱས་བཅས་ལ་ཕན་པ་ཡོད། ཨ་སེ་པད་ཅང་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། གཞི་གྲངས་དཔལ་འབྱོར། ལྗང་མདོག་ནུས་ཁུངས། ཚན་རྩལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་དེ། སྲིད་ཏང་དང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཟླ4པའི་ཚེས23ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་གྲོས་མོལ་གནང་། གྲོས་མོལ་མཇུག་བསྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་སེ་པད་ཅང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པའི་འབྲེལ་བའི་མཉམ་འབྲེལ་གསལ་བསྒྲགས》ལ་མཉམ་དུ་མཚན་བཀོད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྲིམས་འཛིན། ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར། ཤེས་བྱའི་ཐོན་དབང་། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ20བཀོད།
གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་སེ་པད་ཅང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པའི་འབྲེལ་བའི་མཉམ་འབྲེལ་གསལ་བསྒྲགས》ལ་མཉམ་དུ་མཚན་བཀོད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྲིམས་འཛིན། ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར། ཤེས་བྱའི་ཐོན་དབང་། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ20བཀོད།
ཟླ4པའི་ཚེས23ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་གྲོས་མོལ་གནང་། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཨ་ལེ་ཡེ་ཧྥུའུ་དང་ལྕམ་མོ་ཨ་ལེ་ཡེ་ཝ་དང་མཉམ་དུ་བསྐྱོན་པའི་པར་རེད།
གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཨ་ལེ་ཡེ་ཧྥུའུ་དང་ལྕམ་མོ་ཨ་ལེ་ཡེ་ཝ་ལ་དགའ་བསུའི་མཛད་སྒོ་བསྡུ།
ཨ་ལེ་ཡེ་ཧྥུའུ་འབྱོར་སྐབས། གུས་ཞབས་དམག་གིས་གྲལ་བསྒྲིགས་ནས་གུས་འདུད་ཞུས། ཞི་ཅིན་ཕིང་དང་ཨ་ལེ་ཡེ་ཧྥུའུ་དམག་གཟིགས་སྟེགས་བུར་ཕེབས་པ་དང་། དམག་མིའི་རམ་དཀྲོལ་རུ་ཁག་གིས་ཀྲུང་གོ་དང་ཨ་སེ་པད་ཅང་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་སྒྱོགས་སྒྲ21གྲགས། ཨ་ལེ་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཨ་ལེ་ཡེ་ཧྥུ་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།