ཕིན་ལིས་ཡོན་གྱིས་ཁེན་ནི་ཡའི་ཙུང་ཐུང་གི་ལྕམ་མོ་ལའེ་ཆེ་ཨར་དང་གྲོས་མོལ་མཛད།   
2025.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས24ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་པེ་ཅིང་དུ་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་མཉམ་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་གི་ལྕམ་མོ་ལའེ་ཆེ་ཨར་དང་གྲོས་མོལ་མཛད།

ཟླ4པའི་ཚེས24ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་པེ་ཅིང་དུ་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་མཉམ་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་གི་ལྕམ་མོ་ལའེ་ཆེ་ཨར་དང་གྲོས་མོལ་མཛད།

ཕིན་ལིས་ཡོན་གྱིས་བསྟན་དོན། ཀྲུང་གོ་དང་ཁེན་ནི་ཡའི་མཛའ་བརྩེའི་རྒྱུན་རིང་ལ། རྒྱལ་ཁབ་གཉིས་ཀྱི་སློབ་གསོ་དང་ལུས་རྩལ། ཞིང་ལས་སོགས་ཀྱི་མཉམ་ལས་རྣམ་པ་ལེགས་པས། ཕྱོགས་གཉིས་ཀྱིས་བརྗེ་རེས་ལ་ཤུགས་བསྣན་ནས། མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྱུར་བའི་རེ་བ་བཅངས་ཡོད། ཕིན་ལིས་ཡོན་གྱིས་ཀྲུང་གོའི་གནད་འཁེལ་དབུལ་སྐྱོར་ཕྱོགས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ལའེ་ཆེ་ཨར་གྱིས་དུས་ཡུན་རིང་པོར་སྤྱི་ཚོགས་སྤྱི་ཕན་བྱ་གཞག་ཐད་ནུས་ཤུགས་བཏོན་ཞིང་། ཐོག་མཐའ་བར་གསུམ་དུ་བུད་མེད་ཀྱི་སློབ་གསོ་དང་བུད་མེད་ཀྱིས་སྟོབས་ནུས་སྩོལ་བར་དོ་སྣང་བྱས་པར་བསྟོད་བསྔགས་གནང་ནས། ཕྱོགས་གཉིས་ཀྱིས་ཉམས་མྱོང་བཟང་པོ་མཉམ་སྤྱོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དབུལ་སྐྱོར་དང་། བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱིན་ཡོད།

ལའེ་ཆེ་ཨར་གྱིས་ལོ་ངོ་མང་པོའི་རིང་བུད་མེད་ཀྱིས་སྟོབས་ནུས་སྩོལ་བ་དང་། བུད་མེད་ཀྱི་ལས་གཏོད་ལ་རྒྱབ་སྐྱོར་བྱས་པའི་བྱ་བར་ཤུགས་བཏོན་པའི་སྐོར་ངོ་སྤྲོད་བྱས་ཤིང་། ཕིན་ལིས་ཡོན་གྱིས་དུས་ཡུན་རིང་པོར་ཁེན་ནི་ཡ་དང་བཅས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་བཞག་པར་གདེང་འཇོག་མཐོན་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་སྔར་ལས་ཟབ་སྤེལ་བྱེད་པ་དང་། སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་པ་བསྟན།

ལྷ་མོ་འཚོས་བསྒྱུར།