ལའོ་ཏུང་ཁྲོན་གྱིས་རྟ་ཐང་རྫོང་དུ་རྟོག་ཞིབ་བྱས།
2025.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་འཕེལ་རྒྱས་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བརྗོད་དོན་ལ་དམིགས་པ་དང་རགས་བསྡུས་དངོས་གཉེར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། སློབ་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ནན་མོ་བཏང་སྟེ། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་ཆེར་བསྐྱེད་དགོས།

ཨ་ཆེན་གངས་རྒྱབ་ནས་ཐོན་ལས་གླིང་ཁུལ་དུ། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་གླིང་ཁུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར། ཞིང་འབྲེལ་ཞིང་ཁྲིད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། མཐོ་སྒང་གི་ཁྱད་ལྡན་དགེ་མཚན་ལ་རྐང་འཛུགས་པ་དང་། ཐོན་ལས་ཀྱི་འཆར་འགོད་ཞིབ་འཇུག་ལ་ཤུགས་སྣོན་པ། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཐོན་རྫས་ཀྱི་གྲུབ་ཚུལ་རྒྱུན་མ་ཆད་ལེགས་བསྒྱུར་བྱེད་པ། ཞིང་ལས་ཐོན་རྫས་ལེགས་ཟབ་ལས་སྣོན་བྱེད་པར་ཤུགས་སྣོན་པ། ཐོན་རྫས་ཀྱི་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཐོན་རྫས་དྲིལ་སྒྲོག་ཉོ་ཚོང་དང་ཚོང་རྟགས་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ། ཁེ་ལས་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་གཏོང་བ། ཁེ་ལས་ཀྱི་མཉམ་འབྲེལ་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཕྱུག་པོར་བསྒྱུར་བར་སྐུལ་འདེད་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

རྟ་ཐང་རྫོང་ཏང་ཨུའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་ཚན་དུ། ལའོ་ཏུང་ཁྲོན་སྔ་གཞུག་ཏུ་ཕྱོགས་བསྡུས་མཐུན་སྦྱོར་དང་ཞིབ་བསྒྱུར་བཅོས་སྐྱོང་། གཅིག་འདོམས་འགན་སྲུང་སོགས་བྱ་བའི་ཚན་ཆུང་དུ་སོང་ནས་ལས་བྱེད་མི་སྣ་དང་གླེང་མོལ་བྱས་པ་དང་། ཆེད་དོན་ཚན་ཁག་གི་འཁོར་རྒྱུག་དང་མི་སྣའི་གྲུབ་ཚུལ། བྱ་བ་སྤེལ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱས་ལ། ཚང་མས་རང་རྟོགས་སྒོས་སློབ་སྦྱོང་སློབ་གསོ་སྤེལ་བའི་འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སློབ་སྦྱོང་སློབ་གསོའི་བརྗོད་དོན་ལ་དམིགས་ནས། བྱ་བའི་གཙོ་གནད་དང་རེ་བ་གཏན་ཁེལ་གསལ་བོ་བྱེད་པ། བྱ་བའི་འགན་འཁྲི་ཕྲག་ཏུ་ལེན་པ། རིགས་དབྱེ་ནས་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ། དྲིལ་སྒྲོག་སྣེ་ཁྲིད་གཙིགས་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་ངང་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་རྒྱུའི་སྐུལ་མ་བྱས།

དེའི་རྗེས་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ལའོ་ཏུང་ཁྲོན་གྱིས་རྫོང་གི་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་དང་ཁེ་ལས། ཡུལ་ཚོ་དང་གྲོང་རྡལ། འབྲེལ་འདྲིས་སྡེ་བ་བཅས་ཀྱི་འགན་ཁུར་མི་སྣའི་གཏམ་བཤད་ལ་ཉན་པ་དང་། རྟ་ཐང་རྫོང་གིས་ཀྲུང་དབྱང་གི་བླང་བྱ་དམིགས་ཚད་དུ་འཛིན་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་བྱེད་པ། ཇུས་འགོད་བཀོད་སྒྲིག་ནན་མོ་བྱེད་པ། རྩ་འཛུགས་ལག་བསྟར་ཞིབ་མོ་བྱེད་པ། སློབ་བཤེར་བཅོས་གསུམ་གཞི་གཅིག་ཏུ་སྤེལ་བའི་ཐད་ནས་བླངས་པའི་ཐོག་མའི་གྲུབ་འབྲས་ལ་ཁས་ལེན་བྱས། ཁོས་ནན་གྱིས་བསྟན་དོན། ཐེངས་འདིའི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ཐད་ཀྱི་རྒྱུས་ལོན་དང་ངོས་འཛིན་ཇེ་ཟབ་ཏུ་གཏོང་བར་སློབ་གསོ་སྣེ་ཁྲིད་བྱེད་པ། བསམ་བློ་དང་སྤྱོད་ཚུལ་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། གཏན་ཕབ་གཉིས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་སྙིང་རུས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་ལག་བསྟར་བྱེད་དགོས། ཏང་ཡོན་ལས་བྱེད་པས་སྲོལ་ངན་བཞིའི་གནད་དོན་གྱི་བསྐྱར་ཟློས་རང་བཞིན་དང་སྲ་མཁྲེགས་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱེད་པར་སློབ་གསོ་སྣེ་ཁྲིད་བྱེད་པ་དང་། རྩ་བ་ནས་རང་ངོས་གསར་བརྗེ་བྱེད་པའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བ། ཁ་བརྡ་གླེང་མོལ་དང་གནད་དོན་བཤེར་སྟོན། གཅིག་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་ནན་ཏན་སྒོས་སྤེལ་ནས། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་ཞིབ་བཤེར་ལ་ནུས་ཤུགས་ལྡན་པ། བཅོས་བསྒྱུར་ལ་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་པ་དང་། གནད་དོན་ཐག་གཅོད་པའི་ཁྲོད་སེམས་ཤུགས་གཅིག་བསྡུས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བརྒྱུད་དེ། ལས་སྒྲུབ་ལས་སྐྲུན་གྱི་སྤྲོ་སེམས་ཆེར་སྐྱེད་པ་དང་། ཏང་ཡོན་ལས་བྱེད་པས་སྒྲིག་ལམ་བརྩི་སྲུང་བྱེད་པའི་ཁྲོད་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། མང་ཚོགས་ཀྱི་འཚོ་བ་ལེགས་བསྒྱུར་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་ནས་སྤྱོད་ཚུལ་བསྒྱུར་བ་དང་སྲོལ་གསར་ཆགས་པའི་ཐད་ནས་བྱུང་བའི་རྣམ་པ་གསར་བ་དང་འགྱུར་ལྡོག་གསར་བར་མྱོང་ཚོར་བྱེད་དུ་འཇུག་དགོས།

རིན་ཆེན་མཚོས་བསྒྱུར།