ཟླ4པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་གསུམ་པ་ཚེས28ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི་དམངས་གཉེར་དཔལ་འབྱོར་ཡར་སྐུལ་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་འཆར་གྱི་སྙན་ཞུ་དང་། འགོས་ནད་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བསམ་འཆར་གྱི་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོའི་ཞིན་ཅང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དུ་གནས་སྐབས་སུ་སྤྱོད་པའི་ས་བོན་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལེགས་སྒྲིག་བྱེད་པའི་དབང་ཆ་སྤྲོད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུ་བཅས་ལ་ཉན་ནས། འབྲེལ་ཡོད་འཆར་ཟིན་བཟོ་བཅོས་མ་ཡིག་དང་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལོའུ་ཆིན་ཅཱན་གྱིས་ཕུལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ཏི་ཨ་རབ་རྒྱལ་པོའི་རྒྱལ་ཁབ་ཀྱི་དམངས་དོན་དང་ཚོང་དོན་ཁྲིམས་འཛིན་རོགས་འདེགས་དང་མཉམ་ལས་སྐོར་གྱི་ཆོད་དོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཙི་ཨོ་ཕི་ཡ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཐག་བཅད་པའི་མིའི་ཁྲིམས་གཅོད་སྤོ་སྒྱུར་དོ་དམ་བྱེད་པའི་ཆིངས་ཡིག་གྲོས་ཞིབ་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་ཏེ། ཆིངས་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན་འཆར་ཟིན་ཚབ་བྲིས་མ་ཡིག་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་གི་སྙན་ཞུ་དང་བསྐོ་འཐེན་གྲོས་གཞིའི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།
ཨུ་ཡོན་ཀྲང་གྲོས་ཚོགས་ལས་གོང་གསལ་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་དང་། ཝང་ཏུང་མིན། ཞའོ་ཅེ། ཏེན་ཀྲུང་ལིས། ཧའོ་མིན་ཅིན། ཚའེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིན་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱ་མཚན། ཞུའེ་ཁི་ལིས་ཐིས·ཀྲ་ཁི་ཨར་བཅས་གྲོས་ཚོགས་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།