ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་།
2025.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཧྲང་ཧའེ་ཡིས་རྒྱལ་སྤྱིའི་ཚན་རྩལ་གསར་སྤེལ་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་ཕྲག་ཏུ་ཁུར་ཡོད་པས། གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་སྣེ་ཁྲིད་དུ་འཛིན་པ་དང་། ཚན་རྩལ་གསར་སྤེལ་གྱི་སྲིད་འདོན་བྱེད་ནུས་དང་མཐོ་རིམ་ཐོན་ལས་ཀྱི་སྣེ་ཁྲིད་བྱེད་ནུས་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་བཏང་ནས། འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ནུས་པའི་ཚན་རྩལ་གསར་སྤེལ་གྱི་མཐོ་ས་མྱུར་མོར་འཛུགས་དགོས་ཞེས་ནན་གྱིས་གསུངས།

ཚེས29ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་དང་ཧྲི་ཀྲང་ཀུང་ཀྲིན་གཉིས་ཀྱི་ཕེབས་རོགས་འོག ཞུའུ་ཧོས་ས་ཁུལ་དུ་ཡོད་པའི་ཧྲང་ཧའེ་ཡི་དཔེ་དབྱིབས་བར་སྟོང་ཞེས་པའི་དཔེ་དབྱིབས་ཆེན་མོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་དུ་རྟོག་ཞིབ་གནང་།

ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུའུ་ཧོས་ས་ཁུལ་གྱི་ཧྲང་ཧའེ་ཡི་དཔེ་དབྱིབས་བར་སྟོང་ཞེས་པའི་དཔེ་དབྱིབས་ཆེན་མོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་མི་ཐབས་རིག་ནུས་ཐོན་རྫས་ཉམས་ལེན་ཁང་དུ་རྟོག་ཞིབ་གནང་བའི་རྣམ་པ་རེད།ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུའུ་ཧོས་ས་ཁུལ་གྱི་ཧྲང་ཧའེ་ཡི་དཔེ་དབྱིབས་བར་སྟོང་ཞེས་པའི་དཔེ་དབྱིབས་ཆེན་མོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་མི་ཐབས་རིག་ནུས་ཐོན་རྫས་ཉམས་ལེན་ཁང་དུ་རྟོག་ཞིབ་གནང་བའི་རྣམ་པ་རེད།

དཔེ་དབྱིབས་བར་སྟོང་ནི་ཧྲང་ཧའེ་གྲོང་ཁྱེར་གྱིས་བསྐྲུན་པའི་མི་ཐབས་རིག་གནས་ཀྱི་དཔེ་དབྱིབས་ཆེན་མོའི་ཆེད་ལས་གསོ་སྐྱོང་དང་མྱུར་འཛུགས་ཀྱི་སྟེགས་བུ་ཞིག་ཡིན་ལ། ད་སྔ་ཁེ་ལས་བརྒྱ་ལྷག་ཞུགས་ཡོད། ཞི་ཅིན་ཕིང་གནས་དེར་ཕེབས་ནས། བརྙན་ཐུང་བརྒྱུད་དེ་ཧྲང་ཧའེ་གྲོང་ཁྱེར་གྱི་མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། གཙོ་གནས་གསོ་སྐྱོང་ཁེ་ལས་ཀྱི་དཔེ་དབྱིབས་ཆེན་མོའི་ཐོན་རྫས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད་པར་མ་ཟད། འབྲེལ་ཡོད་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་ལས་དོན་མཚམས་སྦྱོར་བྱས་པར་གསན། ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་གྱིས་མི་ཐབས་རིག་ནུས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་སྒོས་བརྗེ་སྒྱུར་བྱས་ཤིང་། ད་ལྟ་འཕེལ་རྒྱས་ཀྱི་མཐོ་རླབས་དང་འཕྲད་བཞིན་པས། ཧྲང་ཧའེ་ཡིས་དཔེ་དབྱིབས་ཆེན་མོའི་ཐོན་ལས་སྐྱེ་ཁམས་མ་ལག་གིས་མི་ཐབས་རིག་ནུས་ཐོན་ལས་གསོ་སྐྱོང་བྱས་པ་སོགས་ཉམས་མྱོང་རྩ་ཆེན་སྤྱི་བསྡོམས་བཟང་པོ་བྱས་ཏེ། འཚོལ་ཞིབ་ཀྱི་ནུས་ཚད་ཆེ་རུ་གཏོང་བ་དང་། མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་གི་ཕྱོགས་སོ་སོའི་ཐད་ནས་མདུན་གྲལ་དུ་སླེབས་པ་བརྩོན་ལེན་བྱེད་པ་དང་། དཔེ་སྟོན་གྱི་ནུས་པ་ཐོན་པར་བྱེད་དགོས།

ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུའུ་ཧོས་ས་ཁུལ་གྱི་ཧྲང་ཧའེ་ཡི་དཔེ་དབྱིབས་བར་སྟོང་ཞེས་པའི་དཔེ་དབྱིབས་ཆེན་མོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་མིས་བཟོས་རིག་ནུས་ཐོན་རྫས་ཉམས་ལེན་ཁང་དུ་རྟོག་ཞིབ་གནང་བའི་རྣམ་པ་རེད།

ཟླ4པའིཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུའུ་ཧོས་ས་ཁུལ་གྱི་ཧྲང་ཧའེ་ཡི་དཔེ་དབྱིབས་བར་སྟོང་ཞེས་པའི་དཔེ་དབྱིབས་ཆེན་མོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་དུ། རབས་རྗེས་མའི་རིག་ནུས་མ་ལག་རང་འགུལ་འཕོ་འགྱུར་གྱི་བརྗོད་དོན་འདུ་ཚོགས་སྤེལ་བཞིན་པའི་ན་གཞོན་གསར་སྤེལ་འཇོན་མི་དང་བརྩེ་བའི་བརྗེ་རེས་གནང་བའི་རྣམ་པ་རེད།

དཔེ་དབྱིབས་བར་སྟོང་གི་རིམ་པ་གསུམ་པར། རབས་རྗེས་མའི་རིག་ནུས་གཟུགས་ཀྱི་རང་འགུལ་འཕེལ་འགྱུར་བརྗོད་དོན་ཡིན་པའི་འདུ་ཚོགས་ཤིག་འཚོགས་བཞིན་འདུག ཞི་ཅིན་ཕིང་དགའ་སྤྲོའི་ངང་དེའི་ཁྲོད་ཞུགས་ཏེ། ཡུལ་དངོས་ཀྱི་ན་གཞོན་གསར་གཏོད་འཇོན་མི་དང་ལྷན་དུ་བྱམས་བརྩེའི་གསུང་གླེང་མཛད། ཚང་མས་ལང་ལོང་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ལ་དཔུང་ཁག་དེས་སྤེལ་བའི་མི་ཐབས་རིག་ནུས་ཀྱི་ལག་རྩལ་ཞིབ་འཇུག་དང་ཐོན་ལས་བེད་སྤྱོད་ཐད་ཀྱི་ཐོབ་སྣང་སྙན་ཞུར་ཕུལ། ཞི་ཅིན་ཕིང་གིས་ཚང་མར་གསུངས་རྒྱུར། མི་ཐབས་རིག་ནུས་ནི་ལོ་ན་གཞོན་པའི་ལས་དོན་ཞིག་དང་། ན་གཞོན་ཚོའི་ལས་དོན་ཞིག་ཡིན། ང་ཚོས་ད་ལྟ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། ན་གཞོན་པའི་སྡེ་ཡིས་བློ་གྲོས་དང་འཇོན་ནུས་མངོན་པའི་དུས་ལ་བབས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པའི་རེ་བ་ན་གཞོན་ཚོར་བཅོལ་དགོས། ཚང་མས་རྒྱལ་གཅེས་ཀྱི་སེམས་དང་རྒྱལ་ཁབ་ལ་དྲིལ་ལན་འཇལ་བའི་འདུན་པ་བསྐྱེད་པ་དང་། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་བྱེད་ནུས་ཇེ་དྲག་ཏུ་བཏང་སྟེ། མི་སྒེར་གྱི་འབད་བརྩོན་དེ་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དང་དམ་དུ་སྦྲེལ་བ་དང་། ལོ་རྒྱུས་ཀྱི་བརྒྱུད་སྤྲོད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཐོངས་ཡངས་པའི་གར་སྟེགས་སྟེང་བཀྲག་མདངས་འཚེར་བའི་ལང་ཚོའི་གཟི་འོད་མངོན་པར་བྱེད་དགོས་ཞེས་གསུངས།

ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུའུ་ཧོས་ས་ཁུལ་གྱི་ཧྲང་ཧའེ་ཡི་དཔེ་དབྱིབས་བར་སྟོང་ཞེས་པའི་དཔེ་དབྱིབས་ཆེན་མོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་མི་ཐབས་རིག་ནུས་ཐོན་རྫས་ཉམས་ལེན་ཁང་དུ་རྟོག་ཞིབ་གནང་བའི་རྣམ་པ་རེད།ཟླ4པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཞུའུ་ཧོས་ས་ཁུལ་གྱི་ཧྲང་ཧའེ་ཡི་དཔེ་དབྱིབས་བར་སྟོང་ཞེས་པའི་དཔེ་དབྱིབས་ཆེན་མོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་མིས་བཟོས་རིག་ནུས་ཐོན་རྫས་ཉམས་ལེན་ཁང་དུ་རྟོག་ཞིབ་གནང་བའི་རྣམ་པ་རེད།

དེའི་རྗེས་སུ། ཞི་ཅིན་ཕིང་མི་ཐབས་རིག་ནུས་ཐོན་རྫས་ཉམས་ལེན་ཁང་དུ་སོང་བ་ན། སྒྲོམ་སྟེགས་སྟེང་གི་རིག་ནུས་མིག་ཤེལ་དང་། རིག་ནུས་བྱིས་པའི་རྩེད་ཆས། རིག་ནུས་རོལ་ཆས་སོགས་གསར་སྤེལ་ཐོན་རྫས་གང་མང་གིས་མིག་དབང་འཕྲོག་པར་བྱེད་ཅིང་། ཞི་ཅིན་ཕིང་གིས་ཐོན་རྫས་ཀྱི་བྱེད་ནུས་དང་ཚོང་རའི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པར་མ་ཟད། སྤྲོ་སྣང་ལྡན་པའི་སྒོ་ནས་རིག་ནུས་མིག་ཤེལ་མནབས་སྟེ་སྐུ་དངོས་སུ་ཉམས་ལེན་མཛད། ཁོང་གིས་རང་རྒྱལ་གྱི་གཞི་གྲངས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཐོན་ལས་མ་ལག་ཆ་ཚང་ལ། ཚོང་རའི་བར་སྟོང་གི་གཞི་རྒྱ་ཆེ་ཞིང་། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་ཤིང་རྒྱ་ཆེ་བས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འཇོན་མི་གསོ་སྐྱོང་ལ་ཤུགས་བསྣན་ཏེ། བདེ་འཇགས་ཡིད་རྟོན་རུང་བའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་བོ་འབད་པ་ཆེན་པོས་གསར་སྤེལ་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་ཕྱིར་ཕེབས་སྐབས། གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་ཚན་རིག་ཞིབ་འཇུག་མི་སྣ་དང་ཁེ་ལས་ལས་བྱེད་མི་སྣས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་བྱས་ཤིང་། ཁོང་ཡང་བསྐྱར་གཟིགས་ཞིབ་ཏུ་ཕེབས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་བརྡ་བསྟན་ནས་གུས་འདུད་ཞུས། ཚང་མར་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། ཚང་མས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བསྐྲུན་པ་དང་། བྱས་རྗེས་གསར་བ་འཇོག་རྒྱུའི་སྐུལ་མ་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་མཉམ་དུ་རྟོག་ཞིབ་མཛད།

ཧི་ལིས་ཧྥིན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།