ཞི་ཅིན་ཕིང་གིས་དབྱི་ལིང་དུ་འགས་གཏོར་ཚབས་ཆེན་བྱུང་བའི་དོན་རྐྱེན་ཐད་དབྱི་ལིང་གི་ཙུང་ཐུང་ཕའེ་ཙི་ཞི་ཆི་དབྱང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
2025.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལིང་དུ་འགས་གཏོར་ཚབས་ཆེན་བྱུང་བའི་དོན་རྐྱེན་ཐད་དབྱི་ལིང་གི་ཙུང་ཐུང་ཕའེ་ཙི་ཞི་ཆི་དབྱང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོའི་རྒྱལ་ཁབ་ལྷོ་རྒྱུད་ཀྱི་ཨ་པ་སི་གྲུ་ཁའི་གྲོང་ཁྱེར་ལཱ་ཅ་དབྱི་གྲུ་ཁར་འགས་གཏོར་ཚབས་ཆེན་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པར།     ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ། རྐྱེན་ལམ་དུ་ཤོར་བའི་མི་སྣ་དང་གདུང་སེམས་མཉམ་སྐྱེད་བྱེད་པ་དང་། རྨས་སྐྱོན་ཕོག་པ་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་ཡིན།

ཤ་བོ་རིན་མཚོས་བསྒྱུར།