ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པར་འཚམས་འདྲི་གནང་།
2025.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པར་འཚམས་འདྲི་གནང་བ་མ་ཟད། གསར་སྤེལ་དངུལ་ཁང་གསར་པའི་མགོ་གཙོ་ལའོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ4པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པར་འཚམས་འདྲི་གནང་བ་མ་ཟད། གསར་སྤེལ་དངུལ་ཁང་གི་མགོ་གཙོ་ལའོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གནས་དེར་འབྱོར་སྐབས། ལའོ་སེ་ཧྥུའུ་ཡིས་གསར་སྤེལ་དངུལ་ཁང་གསར་པའི་མགོ་གཙོ་གཞོན་པ་བཞི་དང་ལས་བཟོ་པའི་སྣེ་ཁྲིད་དེ་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས།

ཟླ4པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པར་འཚམས་འདྲི་གནང་བ་མ་ཟད། གསར་སྤེལ་དངུལ་ཁང་གསར་པའི་མགོ་གཙོ་ལའོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ལའོ་སེ་ཧྥུའུ་ཡང་བསྐྱར་གསར་སྤེལ་དངུལ་ཁང་གསར་པའི་མགོ་གཙོར་བདམས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། གསར་སྤེལ་དངུལ་ཁང་གསར་པ་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བཙུགས་པ་དང་གཙོ་ཁྲིད་བྱས་པའི་ཕྱོགས་མང་གསར་སྤེལ་སྒྲིག་གཞི་ཐོག་མ་ཡིན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རང་སྟོབས་ཀྱི་གསར་གཏོད་ཅིག་ཡིན་པས།  འཛམ་གླིང་བཅོས་སྐྱོང་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་ནས།    རྒྱལ་སྤྱིའི་དངུལ་རྩའི་མ་ལག་ཁྲོད་ཀྱི་གསར་དར་སྟོབས་ཤུགས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་རྟགས་མཚན་གལ་ཆེན་དུ་གྱུར་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གསེར་གྱོམ་མཉམ་ལས་ཆེན་མོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་པ་དང་། གསར་སྤེལ་དངུལ་ཁང་གིས་ཀྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྫོགས་ལྡན་གྱི་བཅུ་ལོ་གཉིས་པའི་མགོ་རྩོམ་དགོས་ལ། ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དགོས་མཁོ་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བ་དང་མ་རྩ་དམའ་བ། རྒྱུན་མཐུད་ཐུབ་པའི་རྨང་གཞིའི་སྒྲིག་ཆས་ཀྱི་མ་དངུལ་སྔར་ལས་མང་པོ་བསྡུས་ཏེ་འདོན་སྤྲོད་བྱེད་དགོས། དོ་དམ་དང་ཚོང་གཉེར་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་དངུལ་ལོར་དང་ལྗང་མདོག་དངུལ་ལོར་ལས་གཞི་སྔར་ལས་མང་པོ་ལག་བསྟར་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་གཞི་གྲངས་བར་ཁྱད་ཁ་གསབ་བྱེད་པར་རོགས་འདེགས་དང་། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་གྱི་ཚད་ཇེ་མགྱོགས་སུ་གཏོང་དགོས། གསར་གཏོད་ཡར་བརྩོན་བྱས་ཏེ་རྒྱལ་སྤྱིའི་དངུལ་ལོར་བཅོས་སྒྱུར་གྱི་གྲོས་མོལ་ཁྲོད་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་སྒྲ་མཐོན་པོར་བསྒྲགས་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་གཙོ་བོར་སྲུང་སྐྱོབ་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་དེང་རབས་ཅན་གྱི་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཆ་ནས། གསར་སྤེལ་དངུལ་ཁང་གསར་པའི་ཚོང་གཉེར་འཕེལ་རྒྱས་ལ་སྔར་བཞིན་རྒྱབ་སྐྱོར་བྱེད་པ་དང་། གསར་སྤེལ་དངུལ་ཁང་གསར་པའི་ལས་གཞིའི་མཉམ་ལས་ལ་ཤུགས་བསྣན་ཏེ། ལྗང་མདོག་དང་གསར་གཏོད། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་དམིགས་ནས། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད། གསར་སྤེལ་དངུལ་ཁང་གསར་པའི་ཁོངས་མི་གཞན་དག་ལ་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་བརྒྱུད། རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་སྤྱིའི་ཆ་ནས་དར་རྒྱས་བྱུང་སྟེ། འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་བཅོས་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་གལ་ཆེན་དུ་འགྱུར་བཞི་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། མིའི་རིགས་འཕེལ་རྒྱས་ཡར་ཐོན་གྱི་ཁ་ཕྱོགས་ཆེན་པོ་འགྱུར་མི་སྲིད། ཀྲུང་གོའི་འཕེལ་རྒྱས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ཡོད་པ་དང་། རང་སྟེང་གི་ཁེ་དབང་གལ་ཆེན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་རྒྱུ་ཡིན།

ལའོ་སེ་ཧྥུའུ་ཡིས་ཀྲུང་གོས་དུས་ཡུན་རིང་པོར་གསར་སྤེལ་དངུལ་ཁང་གསར་པ་དར་རྒྱས་གོང་འཕེལ་དུ་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག ཀྲུང་གོས་གཡུར་དུ་ཟ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པ་དང་། འཛམ་གླིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཡོད་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས། ཁོ་མོས་བཤད་རྒྱུར། དེང་སྐབས་འཛམ་གླིང་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་གནས་བབ་འོག ཀྲུང་གོ་སྲིད་གཞུང་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་དཔེ་མཚོན་བསྐྲུན་ཡོད།     ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་དབང་གྲགས་ལ་བསླད་སྐྱོན་ཐེབས་པ་དང་། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་བརྟན་བརླིང་ལ་གནོད་པ་བཟོས་ཡོད།  གསར་སྤེལ་དངུལ་ཁང་གསར་པས་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་ཧུར་བརྩོན་གྱིས་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་རྒྱུ་ཡིན།

ཚའེ་ཆི་དང་ཧི་ལིས་ཧྥུན།    ཁྲིན་ཅི་ཉིང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།