ཀྲའོ་ལི་ཅི་ཡིས་འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱི་ཚོགས་གཙོ། རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་སུན་ཧྲན་ཡུས་ལ་མཇལ་འཕྲད་གནང་།
2025.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས29ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱི་ཚོགས་གཙོ། རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་སུན་ཧྲན་ཡུས་ལ་མཇལ་འཕྲད་གནང་།

ཟླ4པའི་ཚེས29ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱི་ཚོགས་གཙོ། རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་སུན་ཧྲན་ཡུས་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ན་ནིང་ཟླ་བཅུ་གཅིག་པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མོ་གཉིས་ཀྱིས་ལིས་མ་རུ་གྲོས་མོལ་གནང་པ་དང་། ཕྱོགས་ཡོངས་ནས་ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་མཉམ་དུ་སྐུལ་འདེད་གཏོང་བར་འཐད་པ་བྱུང་ལ། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་འཛུགས་སྐྲུན་རང་བཞིན་དང་བརྟན་འཇགས་ཀྱི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ནུས་ཤུགས་ཡོད་རྒུས་འཛུགས་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་གྲོས་མོལ་གྱི་གྲུབ་འབྲས་གལ་ཆེན་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་རྩ་དོན་དང་ཐུན་མོང་ངོས་འཛིན་བརྩི་སྲུང་ནན་མོ་བྱས་ཏེ། མཉམ་ལས་གཉིས་ཕན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་སྟེང་རྒྱང་རིང་དུ་བསྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་འཇར་པན་རྒྱལ་ཚོགས་དང་མཉམ་དུ་རྣམ་པ་མང་པོ་སྤྱད་དེ་བརྗེ་རེས་གྲོས་མོལ་བྱེད་རྒྱུ་ཡིན་ལ། འཇར་པན་གྱི་ལས་རིགས་སོ་སོའི་གྲོགས་པོ་དག་ཀྲུང་གོར་ལྟ་སྐོར་དུ་ཕེབས་པར་དགའ་བསུ་ཞུ་ཞེས་གསུངས།

སུན་ཧྲན་ཡུས་ཀྱིས་བསྟན་དོན། ཕྱོགས་ཡོངས་ནས་འཇར་པན་དང་ཀྲུང་གོའི་འཐབ་ཇུས་གཉིས་ཕན་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་ཡིན། འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། འགལ་བ་ཐག་གཅོད་འོས་འཚམ་བྱེད་པ་དང་། ཕན་ཚུན་རྒྱུས་ལོན་སྔར་ལས་ལེགས་པོ་བྱ་ཆེད་འབད་བརྩོན་བྱེད་རྒྱུ་ཡིན།

ཤ་བོ་རིན་མཚོས་བསྒྱུར།