མཚོ་སྔོན་གུང་གཞོན་ཚོགས་པས་ན་གཞོན་ཆབ་སྲིད་བསམ་བློའི་སློབ་ཁྲིད་ཚོགས།
2025.04.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4བའི་ཚེས29ཉིན།  ལྔ་བཞི་ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར།  ཞིང་ཆེན་ཏང་ཨུའི་གུང་གཞོན་ཚོགས་པས་གཙོ་སྒྲུབ་བྱས་པའི་ན་གཞོན་གྱི་ཆབ་སྲིད་བསམ་བློའི་སློབ་ཁྲིད་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝིན།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིས་ཞའོ་ནན་བཅས་བྱེད་སྒོར་ཞུགས་པ་མ་ཟད།  ཆབ་སྲིད་བསམ་བློའི་སློབ་ཁྲིད་ཀྱི་འཁྲབ་སྟོན་ལ་ཞུགས་པའི་ན་གཞོན་འཕྲལ་རྒོལ་རུ་ཁག་གི་འཐུས་ཚབ་པར་གླེང་མོལ་བྱས།

ཐེངས་འདིའི་ཆབ་སྲིད་བསམ་བློའི་སློབ་ཁྲིད་ནི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལང་ཚོའི་ཁག་ཁུར་འབུལ”ཞེས་པ་བརྗོད་གཞིར་བྱས་ནས།  སྒྲོག་འགྲེལ་དང་ཡུལ་རྣམ་ཟློས་གར།  བཅར་འདྲི།  མཉམ་ལེན་སོགས་ཀྱི་རྣམ་པ་ལ་བརྟེན་ནས།  རྒྱ་ཆེའི་ན་གཞོན་མང་བོར་རྒྱལ་ཁབ་དང་ཁྱིམ་ཚང་ལ་དགའ་བའི་སྙིང་སྟོབས་དང་འབད་འཐབ་བློས་གཏོང་གི་རྣམ་པ།  ཚན་རྩལ་གྱིས་རྒྱལ་ཞབས་སྒྲུབ་པའི་ཕུགས་མདུན་དེ《ལང་ཚོའི་རྨི་ལམ་འཚོལ།  གྲོང་གསེབ་བརྩེ་བའི་སྐྱོང》ཞེས་པ་དང《མེས་རྒྱལ་ལ་ཆེས་དགོས་མཁོ་ཡོད་པའི་གནས་དེར་བསྐྱོད》《ལྗང་མདོག་རྩིས་ནུས་ཀྱི་མཐུན་སྦྱོར་ལ་ལང་ཚོའི་རོགས་འདེགས་དང“ཀྲུང་གོའི་ནུས་ཚད”བསྐྲུན་པར་ན་གཞོན་སྟོབས་ཤུགས་འབུལ》ཞེས་པ་སོགས་ཀྱི་ཆབ་སྲིད་བསམ་བློའི་སློབ་ཁྲིད་ཁྲོད་ཉིང་བསྡུས་བྱས་ཏེ། ཁྱབ་ཁོངས་སོ་སོའི་ན་གཞོན་ཀྱི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་དང་།  སྐྱེ་ཁམས་རིག་གནས་འཛུགས་བསྐྲུན།  མི་རིགས་མཐུན་སྒྲིལ་ཡར་ཐོན།  དང་བླངས་ཞབས་ཞུ་སོགས་ཀྱི་ཁག་ཁུར་བྱ་སྤྱོད་གསོན་ཉམས་ལྡན་པའི་ངང་མངོན་ཡོད་ལ།  གཞུང་ལུགས་སྒྲོག་འགྲེལ་དང་ལང་ཚོའི་ཉམས་མྱོང་གཉིས་མཉམ་འཛིན་བྱས་ནས།  རྒྱ་ཆེ་བའི་ན་གཞོན་མང་བོར་གཟུགས་ཡོད་ལ་བརྩེ་བ་ཡོད་པ་དང་ཕན་འབྲས་ཀྱང་ཡོད་པའི་ཆབ་སྲིད་བསམ་བློའི་གསོལ་སྟོན་བཤམས།

ཞིང་ཆེན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཆེད་དུ་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དམ་འཛིན་ནན་མོ་བྱས་ཏེ།  གུང་གཞོན་ཚོགས་པའི་བྱ་བའི་མགོ་མཇུག་ཀུན་དུ་ཆབ་སྲིད་བསམ་བློས་སྣེ་ཁྲིད་བྱེད་པ་དང་།  ན་གཞོན་པའི་གཞུང་ལུགས་སྒྲོག་འགྲེལ་རྣམ་པ་གསར་གཏོད་དང་བྱ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་བ་དང་།  ན་གཞོན་འཆད་ཁྲིད་ཚོགས་པ་དང་མི་རིགས་མཐུན་སྒྲིལ“ན་གཞོན་སྐྱ་དམག”སོགས་ན་གཞོན་གཞུང་ལུགས་སྒྲོག་འགྲེལ་རུ་ཁག་ལ་བརྟེན་ནས།  རྒྱུན་མཐུད་ངང“གུང་གཞོན་ཚོགས་པའི་འཆད་ཁྲིད་ཁང”དང“ན་གཞོན་མཉམ་འབྲེལ་འཆད་ཁྲིད་ཁང”། “སློབ་མའི་མཉམ་འབྲེལ་དཔེ་ཀློག”སོགས་ཀྱི་བྱ་བའི་ཟོང་རྟགས་བསྐྲན་ཏེ།  ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ན་གཞོན་ཅན་གྱི་རྒྱས་འགྲེལ་དང་རིགས་དབྱེ་ཁྱབ་སྤེལ་བྱེད་པར་སྐུལ་འདེད་བྱེད་པ་དང་།  རྒྱ་ཆེའི་ན་གཞོན་མང་བོར་སྣེ་ཁྲིད་དེ་མི་སྒེར་གྱི་འཚར་ལོངས་དེ་མཚོ་སྔོན་གྱི་འཕེལ་རྒྱས་དང་མཉམ་བསྲེས་ཀྱི་གསོན་ཉམས་ལྡན་པའི་ངང་ལག་ལེན་བྱས་ཏེ།  “ རྒྱལ་ཁབ་སྟོབས་ལྡན་གཏོང་བར་ཁོ་བོ་ཡོད་པས། ཏང་གི་སེམས་བདེ་མོ་བྱས་ཆོག”ཅེས་པའི་དམ་བཅའ་བརྟན་པོ་བློ་གྲོས་དང་རྔུལ་ཆུས་བྲིས་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།