ཟླ4པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་དྲུག་པ་དང་ཞེ་བདུན་པ། ཞེ་བརྒྱད་པ་བཅས་ལ་མཚན་རྟགས་བཀོད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་དྲུག་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས》དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་ནས2025ལོའི་ཟླ4པའི30ཉིན་གྲོས་འཆམ་བྱུང་བ་དང་ད་ལྟ་ཁྱབ་བསྒྲགས་བྱས་ཡོད་ལ། 2025ལོའི་ཟླ5པའི་ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཟེར།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་བདུན་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་ནས2025ལོའི་ཟླ4པའི30ཉིན་བཟོ་བཅོས་གཏན་འཁེལ་ལ་གྲོས་འཆམ་བྱུང་བ་དང་ད་ལྟ་ཁྱབ་བསྒྲགས་བྱས་ཡོད། 2025ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཟེར།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་བརྒྱད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅོ་ལྔ་པས2025ལོའི་ཟླ4པའི་ཚེས30ཉིན། ཅུན་ཀྲོང་ལུང་གི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གི་གོ་གནས་མེད་པར་གཏོང་བ་དང་། ལིས་ལི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་དུ་འཇོག་རྒྱུ་ཐག་བཅད།
ཤ་བོ་རིན་མཚོས་བསྒྱུར།