ཀྲུང་དབྱང་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་བརྡ་ཐོ་པར་འགྲེམས་བྱས།
2025.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

《ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པའི་ཕན་འབྲས་དང་ཉམས་མྱོང》གི་བླང་བྱ་ལག་ལེན་དངོས་འབེབ་བྱ་ཆེད། ཀྲུང་དབྱང་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་རྩ་འཛུགས་བྱས་ནས《ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་སྟོབས་ལག་བསྟར་གཏིང་ཟབ་བྱས་པའི་ཕན་འབྲས་དང་ཉམས་མྱོང》རྩོམ་འབྲི་བྱས།

ཉེ་ལམ། ཀྲུང་དབྱང་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་པར་འགྲེམ་བརྡ་ཐོ་བཏང་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ཁྲོད།  《ཕན་འབྲས་དང་ཉམས་མྱོང》དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་བྲིས་པའི《གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོ་བཅོས་བསྒྱུར་བྱེད་པ》དེ་སློབ་སྦྱོང་གི་ཁྱབ་ཁོངས་ནང་བཅུག་ནས། ཏང་ཀྲུང་དབྱང་གི་སྣེ་ཁྲིད་དང་ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཕན་ནུས་ལྡན་པའི་བྱེད་སྟངས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།    ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་བསགས་པའི་ཉམས་མྱོང་རྩ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ།    ཉམས་མྱོང་དེ་དག་སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་ལྡན་ཅན་དང་ཡུན་རིང་ཕན་ནུས་ལྡན་པའི་ལམ་ལུགས་རྐྱེན་སྲོལ་གྱི་བྱེ་བྲག་གི་ལག་ལེན་བྱ་ཐབས་སུ་བརྩིས་ནས།    སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ།    ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།