ཟླ4ཚེས30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་སྐོར་ཞིག་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཟླ4ཚེས30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་སྐོར་ཞིག་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་ལ། འཆར་འགོད་དམིགས་འབེན་གྱི་ལས་འགན་དངོས་འབེབ་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་ཆབས་ཅིག གནས་བབ་འགྱུར་ལྡོག་དང་འཚམ་པ་དང་། འཐབ་ཇུས་ཀྱི་གཙོ་གནད་ཁོང་དུ་ཆུད་པ། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཡག་པོ་བྱ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུའི་སྟེང་། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་སུན་ཧྲའོ་ཁྲིན་དང་། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཧའོ། ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲུང་ལིན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་པ་དང་། བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན།
ཟླ4ཚེས30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་སྐོར་ཞིག་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཟླ4ཚེས30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་སྐོར་ཞིག་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཚང་མས་གཏམ་བཤད་ལ་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འབེབས་དང་རྒྱུན་མཐུད་བྱ་རྒྱུ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཀྱང་ཡིན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཆར་འགོད་བྱེད་ན། ངེས་པར་དུ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་དམིགས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཞི་རྩའི་དམིགས་འབེན་མངོན་འགྱུར་བྱེད་པར་དམ་པོར་དམིགས་པ་དང་། མངའ་ཁོངས་གཅིག་རེ་བྱས་ནས་དམིགས་འབེན་ལས་འགན་དང་བསམ་ཕྱོགས་དང་བྱེད་ཐབས་ལུགས་མཐུན་ངང་གཏན་འཁེལ་བྱ་དགོས། ཕྱོགས་སོ་སོའི་དམིགས་འབེན་ལས་འགན་ལ་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་དུས་བཅད་ལྟར་མངོན་འགྱུར་ཐུབ་པར་ཁག་ཐེག་བྱེད་དགོས། གཅིག་གྱུར་འཆར་འགོད་བྱེད་པ་དང་གནད་འགག་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་དམ་འཛིན་བྱེད་པ། འགྲོས་ཚད་དང་མྱུར་ཚད་དམ་འཛིན་ཡག་པོ་བྱེད་པ། ལེགས་ཆ་སྲ་བརྟན་དང་རྒྱ་སྐྱེད་པ་དང་འགག་གནས་འབུར་དུ་དོད་པ། ཞན་ཆ་ཁ་གསབ་དང་ལེགས་གཏོང་བྱེད་པ། སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་བཅས་ལ་མཐོང་ཆེན་བྱས་ཏེ། དམིགས་འབེན་ཧྲིལ་པོའི་གཅིག་མཐུན་རང་བཞིན་རྒྱུན་འཁྱོངས་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་བྱེད་ན། རྒྱལ་སྤྱིའི་གནས་བབ་འཕེལ་རྒྱས་འགྱུར་ལྡོག་གིས་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་ཚད་རྒྱང་ལྟའི་རང་བཞིན་གྱི་དམ་འཛིན་བྱས་ཏེ། དུས་བབ་དང་བསྟུན་ནས་དཔལ་འབྱོར་བཀོད་སྒྲིག་ལེགས་སྒྱུར་བྱ་དགོས། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ལས་ཞུགས་བརྟན་བརླིང་དང་ཁེ་ལས་བརྟན་བརླིང་། ཁྲོམ་ར་བརྟན་བརླིང་། སྔོན་དཔག་བརྟན་བརླིང་བཅས་བྱས་ཏེ། དཔལ་འབྱོར་གྱི་གཞི་རྩའི་གནས་བབ་བརྟན་བརླིང་ནུས་ལྡན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུར་སྔར་ལས་མཐོང་ཆེན་བྱེད་པ་དང་། ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་ལ་ཁྱོན་ཡོངས་ནས་བསམ་བློ་གཏོང་བ། རྒྱལ་སྤྱིའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ། བདེ་འཇགས་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་བ། ནུས་པ་མཐོ་བའི་བཅོས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་དགེ་མཚན་ལྡན་པའི་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཀྱི་རྣམ་པ་གསར་པའི་ཐོག་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། ངེས་པར་དུ་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་གནས་བབ་སྔར་ལས་འབུར་དུ་ཐོན་པར་བཞག་སྟེ། ཚན་རྩལ་གསར་གཏོད་སྣེ་ཁྲིད་དང་དངོས་ཕུང་དཔལ་འབྱོར་རྨང་གཞིར་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། སྔོན་བརྒལ་གྱིས་མ་འོངས་ཐོན་ལས་བཀོད་སྒྲིག་བྱེད་པ་བཅས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། གསར་གཏོད་སོ་སོའི་གཙོ་གཟུགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་དམིགས་པ་དང་། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ནུས་པར་ཤུགས་སྣོན་པའི་ཐད་མུ་མཐུད་དུ་ཤུགས་བསྣན་ནས། འགག་རྩའི་ལྟེ་བའི་ལག་རྩལ་དང་མདུན་གྲལ་གྱི་ལག་རྩལ་ཚད་བརྒལ་ཡོང་བའི་ཐད་འགག་སྒྲོལ་དམ་འཛིན་བྱ་དགོས། སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བརྟན་པོ་འཛུགས་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་བྱེད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཞིག་རེད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་བྱེད་སྐབས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རྩ་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་དུ་བརྩིས་ནས། འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཉམ་དུ་ཕྱུག་འགྱུར་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་དགོས། ས་ཁོངས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པ་དང་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མགྱོགས་མྱུར་སྒོས་ཞིང་ལས་ཞིང་སྡེའི་དེང་རབས་ཅན་སོགས་ཐད་ཀྱི་བྱེད་ཐབས་ནུས་ལྡན་དུ་བཏང་ནས། མཁར་གྲོང་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་གཏོང་དགོས། དོ་མཉམ་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་བའི་དམངས་ཚིས་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་བཏོན་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་བྱ་དགོས། མང་ཚོགས་དང་འབྲེལ་བའི་དོན་དག་གི་གནད་འགག་ནི་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དངོས་ཡོད་དང་ཕན་འབྲས་ལྡན་པ། ནུས་ཤུགས་ཡོད་དགུ་བཏོན་ནས་རང་གི་ནུས་ཤུགས་ལྟར་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་བྱེད་སྐབས། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་དུ་ངེས་གནས་གཏན་འཁེལ་བྱེད་དགོས་པ་དང་འཆར་འགོད་སྦྲེལ་མཐུད་ལ་ཤུགས་སྣོན་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འཐབ་ཇུས་བྱེད་ཐབས་གཏན་འཁེལ་བྱེད་སྐབས་རང་ངོས་ཀྱི་ཁྱད་ཆོས་ལ་མཐོང་ཆེན་དང་ཁྱད་སྟོབས་འདོན་སྤེལ་བྱ་དགོས།
ཧི་ལིས་ཧྥིན་དང་ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།