ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཚན་ཆུང་ཧུའུ་ནན་དང་ཡུན་ནན་ལ་སོང་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་ས་གནས་ཁྲིམས་འཛུགས་ཐད་ལྟ་ཞིབ་བྱས།
2025.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཚན་ཆུང་ཧུའུ་ནན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་ལ་སོང་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་ས་གནས་ཁྲིམས་འཛུགས་དང་དམངས་ཆེན་གྱིས་ཆེད་དོན་ལྟ་སྐུལ་བྱ་བ་སྒྲུབ་པའི་གནས་ཚུལ་ལ་ལྟ་ཞིབ་དང་སློབ་སྦྱོང་བྱས།

ལྟ་ཞིབ་ཚན་ཆུང་ཁྲང་ཧྲ་གྲོང་ཁྱེར་དང་ཡུའེ་དབྱང་གྲོང་ཁྱེར། ཅི་ཧྲོའུ་གྲོང་ཁྱེར། ཁུན་མེན་གྲོང་ཁྱེར། ཕུའུ་ཨར་གྲོང་ཁྱེར་བཅས་ཀྱི་གཞི་རིམ་ཁྲིམས་འཛིན་ཅུའུ་དང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས། སྲང་ལམ་གཞུང་སྒྲུབ་ཁང་། སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། དམངས་ཆེན་འཐུས་མིའི་འབྲེལ་འདྲིས་ས་ཚིགས་སོགས་ལ་སོང་ནས། ས་དེའི་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པར་མ་ཟད། ས་གནས་ཁྲིམས་འཛུགས་དང་ཆེད་དོན་ལྟ་སྐུལ་བྱ་བ་སྤེལ་བའི་ཉམས་མྱོང་དང་བྱེད་ཐབས་ཐད་ནས་བཞུགས་མོལ་བརྗེ་རེས་བྱས།

ལྟ་ཞིབ་ཚན་ཆུང་གིས་བསྟན་དོན། ཧུའུ་ནན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་རོགས་སྐྱོར་གྱི་དམངས་ཚིས་བཟོ་སྐྲུན་གྱི་ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། བཅའ་ཁྲིམས་ཡང་དག་སྒོས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་དང་སྤྱི་ཚོགས་འདྲ་མཉམ་དྲང་གཞུང་ལ་སྲུང་སྐྱོབ་བྱེད་པའི་ཐད་ཤུགས་དང་ལྡན་པའི་བཅའ་ཁྲིམས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས། དེ་དང་མཉམ་དུ། ཞིང་ཆེན་གཉིས་ཀྱི་དམངས་ཆེན་གྱིས་ཆེད་དོན་ལྟ་སྐུལ་བྱ་བ་སྤེལ་བའི་ཕྱོགས་ནས་ཁྱད་ཆོས་མང་ཞིང་གྲུབ་འབྲས་ལྡན་ལ། མཚོ་སྔོན་དམངས་ཆེན་གྱིས་ཆེད་དོན་ལྟ་སྐུལ་བྱ་བ་སྤེལ་བའི་ཐད་དཔེ་གཞི་དང་དཔེ་ལྟ་བྱེད་ས་བཟང་བོ་འདོན་སྤྲོད་བྱས།

ལྟ་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། ཉམས་མྱོང་བྱེད་ཐབས་ལ་དཔེ་ལྟ་བྱེད་པ་དང་བྱ་བའི་རྣམ་པ་གསར་གཏོད་བྱེད་པ། བཅའ་ཁྲིམས་རོགས་སྐྱོར་གྱི་སྤྱད་འཐུས་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་བརྩོན་ལེན་བྱེད་པའི་ཐབས་ལམ་ཇེ་བདེ་རུ་གཏོང་བ། སྤྱི་ཚོགས་སྟོབས་ཤུགས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱེད་པ། བཅའ་ཁྲིམས་རོགས་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་པ་སོགས་ཕྱོགས་ཀྱི་ལམ་ལུགས་རྐྱེན་སྲོལ་ལ་ཞིབ་འཇུག་ཟབ་མོ་བྱེད་པ། ཁྲིམས་སྲོལ་གྱི་བཀོལ་སྤྱོད་རང་བཞིན་ཇེ་མཐོར་བཏང་ནས། སྤྱི་ཚོགས་འགལ་རྩོད་ཐག་གཅོད་པ་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་སྔར་ལས་ཤུགས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས།

ལྟ་ཞིབ་ཚན་ཆུང་གིས་ད་དུང་ཡུལ་གཞན་གནས་སྤོར་བཀོད་སྒྲིག་གཞིས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་ཞིང་སྡེ་ཐུན་མོང་གི་དངུལ་གསུམ་ལྟ་སྐུལ་དོ་དམ། དབང་ཆ་ཕྲན་ཆུང་གི་གསལ་ཕྲ་རང་བཞིན་གྱི་ཚོད་ལྟ། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རིམ་གྱི་དམངས་ཆེན་འཐུས་མིའི་འབྲེལ་འདྲིས་ས་ཚིགས་འཛུགས་སྐྲུན་སོགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།

རིན་ཆེན་མཚོས་བསྒྱུར།