ཟླ5པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིང་དུ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་རིང་ལ། ཕན་ཚུན་འགྲོ་འོང་དང་ཕན་ཚུན་གྲོས་མོལ་བྱེད་ཚད་ཉིན་བཞིན་ཇེ་དམ་དུ་འགྲོ་བཞིན་ཡོད་ཅིང་། ཁེ་ཕན་མཉམ་འདྲེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད་ལ། ཕྱོགས་གཉིས་བར་གྱི་མཉམ་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་ཕྱིན་པ་དང་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས། ཕན་ཚུན་ལ་གྲུབ་འབྲས་ཐོབ་ཡོད་ལ་འཛམ་གླིང་ལ་ཕན་པའང་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ལྟར་དུ། ཀྲུང་གོ་དང་ཡོ་རོབ་བར་རྩ་བའི་ཁེ་ཕན་གྱི་འགལ་བ་མེད་ལ། ས་བབ་ཀྱི་ཆབ་སྲིད་འགལ་བ་དེ་བས་ཀྱང་མེད་པར། ཕན་ཚུན་གྲུབ་འབྲས་ཐོབ་པའི་ཟླ་གྲོགས་ཡིན། མིག་སྔའི་ཟང་ཟིང་དང་འགྱུར་ལྡོག་མཉམ་གནས་ཀྱི་རྒྱལ་སྤྱིའི་གནས་བབ་འོག་ཏུ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་དང་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ལྡན། ཕྱོགས་གཉི་གས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བརྩིས་ནས། ཕྱི་འབྲེལ་འཛུགས་སྐབས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་རྒྱུ་དང་། འཕེལ་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། ཟླ་གྲོགས་ཀྱི་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་བྱེད་པ། ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་མཉམ་ལས། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་མདུན་ནས་མདུན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་འབྱུང་འགྱུར་གྱི་རེ་ལྟོས་བྱེད་རིན་ཡོད་པའི་ལོ50མཉམ་སྐྲུན་བྱས་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་དུ་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།