ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཐད་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ།
2025.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཟླ་སྨད་དུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས་དང་མཚོ་སྔོན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཡུལ་དངོས་ཞིབ་བཤེར་བྱས།

ཟླ4པའི་ཚེས14ཉིན་ནས་ཚེས16ཉིན་དང་ཚེས29ཉིན་ནས་ཚེས30ཉིན་བར། ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཅས་གྲོང་ཁྱེར་དང་ཁུལ་གསུམ་གྱི་སྲོལ་རྒྱུན་ཁེ་ལས་བཅུ་གཉིས་དང་བཟོ་ཚོགས་རྩ་འཛུགས། ངལ་རྩོལ་གྱི་འགལ་ཟླ་བར་འདུམ་ལས་ཁུངས། གསར་གཉིས་རྩ་འཛུགས་བཅས་ལ་སོང་ནས་ཡུལ་དངོས་ཞིབ་བཤེར་སྤེལ། རིམ་པ་སོ་སོའི་དམངས་ཆེན་གྱི་འཐུས་མི་དང་ངལ་རྩོལ་དཔེ་ལེགས་ཅན། ལས་བཟོ་བ་དང་མང་ཚོགས་བཅས་དང་བརྗེ་རེས་གང་ལེགས་བྱས་པ་དང་། འབྲེལ་ཡོད་བསམ་འཆར་ལ་ཉན།

ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། བཟོ་ཚོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ནི་ངལ་རྩོལ་གྱི་འབྲེལ་བ་ལེགས་སྒྲིག་བྱེད་པ་དང་ལས་བཟོ་བའི་ཁེ་དབང་ལ་འགན་སྲུང་བྱེད་པའི་སྲོག་ཤིང་བཅའ་ཁྲིམས་ཡིན། རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་བཟོ་ཚོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་སྲོག་ཤིང་དོན་ཚན་དམ་དུ་དམིགས་པ་དང་། ལས་བཟོ་པ་དང་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་གཙིགས་སུ་བཟུང་ནས། ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱེད་པ་དང་། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཁྲིམས་ལྟར་ལས་བཟོ་བའི་ངལ་རྩོལ་གླ་ཕོག་དང་སྤྱི་ཚོགས་ཉེན་སྲུང་། ངལ་རྩོལ་བདེ་འཇགས་དང་བུད་མེད་ལས་བཟོ་བའི་དམིགས་བསལ་སྲུང་སྐྱོབ་སོགས་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། ལས་བཟོ་བའི་ཐོབ་ཚོར་སྐྱིད་སྣང་དང་བདེ་སྣང་ཇེ་མཐོར་གཏོང་དགོས། ལས་བཟོ་བའི་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ལས་བཟོ་བའི་འཐུས་མིའི་ཚོགས་ཆེན་གྱི་གཡུལ་ས་དང་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་པ། རང་རྟོགས་སྒོས་ཏང་གི་འགོ་ཁྲིད་དང་ལེན་བྱེད་པ། ལས་བཟོ་བ་དང་མང་ཚོགས་ལ་རྒྱབ་རྟེན་བྱས་ནས་ཁེ་ལས་བསྒྲུབ་པ། བཟོ་བའི་གྲལ་རིམ་གྱི་བདག་པོའི་ནུས་པ་འདོན་སྤེལ་བྱས་ཏེ། ལས་བཟོ་བའི་ཤེས་གསལ་དབང་ཆ་དང་ཟབ་ཞུགས་དབང་ཆ། ལྟ་སྐུལ་དབང་ཆར་སྲུང་སྐྱོབ་བྱེད་དགོས། བཟོ་ཚོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་ཤུགས་རྒྱུན་མཐུད་ཇེ་ཆེར་གཏོང་བ་དང་། ནང་དོན་སྔར་ལས་ཕུན་སུམ་ཚོགས་པ་དང་རྣམ་པ་མང་བའི་བཅའ་ཁྲིམས་དྲིལ་སྒྲོག་བྱ་འགུལ་སྤེལ་བ། སྤྱི་ཚོགས་ཡོངས་ཀྱིས་བཟོ་ཚོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་མ་ཆད་ཇེ་མཐོར་བཏང་ནས། བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།